ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས་ཉིས་སྟོང་བཅུ་དགུ་ལོའི་སྲིད་དོན་ཁྱབ་སྒྲོག་བྱ་བའི་གནད་ས་འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-05-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ལམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས་ཉིས་སྟོང་བཅུ་དགུ་ལོའི་སྲིད་དོན་ཁྱབ་སྒྲོག་བྱ་བའི་གནད་ས་འགྲེམ་སྤེལ་བྱས།

གནད་ས་ལས་བསྟན་དོན། ཉིས་སྟོང་བཅུ་དགུ་ལོའི་སྲིད་དོན་ཁྱབ་སྒྲོག་བྱ་བ་བཟང་བོར་བསྒྲུབ་སྐབས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་དང་། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་དང་སྲིད་གཞུང་བྱ་བའི་སྙན་ཞུའི་བཀོད་སྒྲིག་ནན་ཏན་སྒོས་དངོས་འབེབས་བྱས་ཏེ། སྲིད་དོན་ཁྱབ་སྒྲོག་སྤུས་ཚད་ཇེ་མཐོར་གཏོང་བ་དང་། སྔོན་དཔག་དུས་སྐབས་བརྟན་འཇགས་སུ་གཏོང་བ་དང་ལྟ་སྐུལ་ལ་ཤུགས་སྣོན་པ། དངོས་འབེབས་ལ་སྐུལ་འདེད་གཏོང་བ། ཞབས་ཕྱི་ལེགས་སྒྲུབ་བྱེད་པ་བཅས་ཁྱབ་སྒྲོག་བྱེད་དགོས་ཟེར། གནད་ས་ལས་བྱ་བ་གཙོ་བོ་ཕྱོགས་ལྔ་ནས་བཏོན་ཡོད། གཅིག སྔོན་དཔག་དུས་སྐབས་གཙོར་བཟུང་ནས་སྲིད་ཇུས་སྒྲོག་འགྲེལ་དང་བྱ་བར་ཡིད་འཇོག་བྱེད་པར་ཤུགས་སྣོན་དགོས། གཉིས། དབང་ཆའི་ལྟ་སྐུལ་ནུས་པ་ཇེ་ཆེར་བཏང་ནས། ཐབས་ཇུས་དང་ལག་བསྟར་ཁྱབ་སྒྲོག་ལ་སྐུལ་འདེད་གཏོང་དགོས། གསུམ། སྲིད་ཇུས་དངོས་འབེབས་གཅིག་སྡུས་བྱས་ཏེ་ཁྱབ་ཁོངས་གཙོ་བོའི་ཆ་འཕྲིན་ཁྱབ་སྒྲོག་བཟང་བོ་བྱེད་དགོས། བཞི། ཞབས་ཕྱིའི་ནུས་པ་ཇེ་ཆེར་བཏང་ནས་ཁྱབ་སྒྲོག་སྟེགས་བུའི་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། ལྔ། བྱ་བའི་སྤུས་ཚད་ཇེ་མཐོར་བཏང་ནས་ཁྱབ་སྒྲོག་ལམ་ལུགས་ཚད་ལྡན་དང་འཐུས་ཚང་དུ་གཏོང་དགོས་བ་བཅས་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།