ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མཱ་ལེ་ཞི་ཡའི་ཙུང་ལི་མཱ་ཧ་ཏི་ཨརལ་མཇལ་འཕྲད་གནང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-04-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

༡༡༡༡༡༡༡.jpg

ཟླ་བཞི་བའི་ཚེས་ཉེར་ལྔ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཏོའུ་ཡུས་ཐེ་རྒྱལ་མགྲོན་ཁང་ནས་ལེ་ཞི་ཡའི་ཙུང་ལི་མཱ་ཧ་ཏི་ཨར་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཞི་བའི་ཚེས་ཉེར་ལྔ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཏོའུ་ཡུས་ཐེ་རྒྱལ་མགྲོན་ཁང་ནས་ལེ་ཞི་ཡའི་ཙུང་ལི་མཱ་ཧ་ཏི་ཨར་ལ་མཇལ་འཕྲད་གནང་།

མཱ་ཧ་ཏི་ཨར་ལ་མཇལ་འཕྲད་སྐབས།   ལིས་ཁི་ཆང་གིས་བསྟན་དོན།   ཀྲུང་གོ་དང་མཱ་ལེ་ཞི་ཡ་གཉིས་ནི་མཛའ་མཐུན་ཁྱིམ་མཚེས་རྒྱལ་ཁབ་ཡིན།  ཀྲུང་གོ་ཕྱོགས་ཀྱིས་རྒྱུད་གཅིག་ལམ་གཅིག་གི་གྲོས་གཞི་དེ་མཱ་ལེ་ཞི་ཡ་ཕྱོགས་ཀྱི་འཕེལ་རྒྱས་འཐབ་ཇུས་དང་འབྲེལ་མཐུད་བྱེད་པར་ཤུགས་སྣོན་པ་དང་།   རྒྱལ་སྤྱི་ཅན་དང་ཁྲོམ་ར་ཅན།  ཁྲིམས་སྐྱོང་ཅན་བཅས་ཀྱི་རྩ་དོན་ལྟར།   ཕྱོགས་གཉིས་ཀྱི་ཉོ་ཚོང་དང་དངུལ་གཏོང་སོགས་མཉམ་ལས་ལ་སྐུལ་འདེད་གཏོང་འདོད་ཡོད་ལ།  ཀྲུང་གོ་ཕྱོགས་ཀྱིས་ཤར་ཕྱོགས་མནའ་འབྲེལ་རྒྱལ་ཁབ་བར་གྱི་ཁྱབ་ཁོངས་མཉམ་ལས་མུ་མཐུད་དུ་གཏིང་ཟབ་ཏུ་སྤེལ་འདོད་ཡོད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།