ཡུལ་སྐོར་བྱེད་མཁན་མང་བའི་དུས་སུ“དྭངས་གསལ་མེ་ལོང”དུ་གྲགས་པའི་ཚྭ་ཁ་མཚོའི་སྤ་སེའི་རིན་གོང་ཕྱེད་ཀ་གཅོག་རྒྱུ་ཡིན་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ4ཚེས1ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་མཚོ་སྔོན་ཞིང་ཆེན་ཚྭ་ཁ་མཚོ་རིག་གནས་ཡུལ་སྐོར་འཕེལ་རྒྱས་མ་རྐང་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། ཟླ་4ཚེས་1ཉིན་ནས་བཟུང་ཟླ་གཅིག་ནང་ཚུན་དུ“དྭངས་གསལ་མེ་ལོང”དུ་གྲགས་པའི་ཚྭ་ཁ་མཚོའི་སྤ་སེའི་རིན་གོང་ཕྱེད་ཀ་བཅག་ནས་འཆར་ཉེར་ཡོད་པའི་ཡུལ་སྐོར་བྱེད་མང་བའི་དུས་ཚིགས་བསུ་རྒྱུ་རེད།མཚོ་སྔོན་ཞིང་ཆེན་ཚྭ་ཁ་མཚོ་རིག་གནས་ཡུལ་སྐོར་འཕེལ་རྒྱས་མ་རྐང་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ལི་ཅན་ཁང་གིས་ངོ་སྤྲོད་བྱས་པར། ཟླ་4ཚེས་1ཉིན་ནས་30ཉིན་བར། ཚྭ་ཁ་མཚོའི་མཛེས་ལྗོངས་ཁུལ་གྱི་སྤ་སེའི་རིན་གོང་ཕྱེད་ཀ་གཅོག་རྒྱུ་ཡིན་པ་སྟེ། མི་རེར་སྒོར་30རེད། ཉེ་བའི་ལོ་ཤས་རིང་། མཚོ་སྔོན་མཚོ་ནུབ་ཀྲོའུ་ཡིས“དྭངས་གསལ་མེ་ལོང”དུ་གྲགས་པའི་ཚྭ་ཁ་མཚོ་མིང་བྱང་དུ་བྱས་ཏེ་སྣོད་བཅུད་སྲུང་སྐྱོང་ལག་བསྟར་བྱེད་པ་དང་ཆབས་ཅིག ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཤུགས་ཆེན་བཏང་ཡོད། 2018ལོར། ཚྭ་ཁ་མཚོའི་མཛེས་ལྗོངས་ཁུལ་དུ་ལོ་ཧྲིལ་པོར་ཡུལ་སྐོར་བ་མི་ཐེངས་ཁྲི་300ལྷག་ཙམ་ཟིན་ཞིང་། ཚྭ་ཁ་མཚོ་འདི་ཉིད་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བས་མཚོ་སྔོན་དུ་ཡུལ་སྐོར་བྱེད་སྐབས་སྐྱོད་དགོས་ངེས་ཀྱི་མཛེས་ལྗོངས་ཁུལ་ཞིག་རེད་ལ། རྒྱལ་ནང་གི་དྲ་ཐོག་ཏུ་སྐད་གྲགས་ཆོད་པའི་མཛེས་ལྗོངས་ཁུལ་གྱི་གྲས་ཤིག་ཀྱང་རེད།“ཡུལ་སྐོར་བས་ཉམས་ལེན་དེ་བས་ལེགས་པ་ཐུབ་ཆེད། འདི་ལོ་མཛེས་ལྗོངས་ཁུལ་གྱིས་ད་དུང‘ཆུ་སྟེང་གི་བགྲོད་ལམ’གཉིས་གསར་སྐྲུན་བྱས་ཡོད་པ་དང་། ཟམ་པ་དེ་བརྒྱུད་ན་ཚྭ་མཚོའི་ལྟེ་བར་ཐད་ཀར་སླེབས་ཀྱི་ཡོད”ཅེས་ལི་ཅན་ཁང་གིས་བཤད་པ་དང་། ཁོང་གིས་མཛེས་ལྗོངས་ཁུལ་གྱི་པར་ལེན་བྱེད་ས་ཡག་ཤོས་དང་རིག་གནས་ཁྱམས་རིང་སོགས་ཀྱི་གསར་དར་རྣམ་གྲངས་ཀྱང་མགྱོགས་པོ་བསྐྲུན་རྒྱུ་རེད། ཡུལ་སྐོར་གྱི་ཐོན་ལས་འཁོར་འབྲེལ་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་བཏང་བ་དང་ལོ་རྒྱུས་རིག་གནས་སྔོག་འདོན་དང་ལེགས་སྒྲིག་བྱས་ཏེ་ཚྭ་ཁ་མཚོ་འདི་ཉིད་ཡུལ་སྐོར་བས་ལྟ་ཐུབ་པ་དང་། སླེབས་ཐུབ་པ། མྱོང་རོལ་ཐུབ་པ་བཅས་ཀྱི་ཡུལ་སྐོར་རྣམ་གྲངས་ཤིག་ཏུ་རིམ་བཞིན་འགྱུར་རྒྱུ་རེད་ཅེས་བཤད།གཞན་ཡང་། མཛེས་ལྗོངས་ཁུལ་གྱི་གསར་དུ་རིམ་སྤོར་བྱས་པའི་པར་མ་2.0གྱི་ཉི་འོད་མཚོ་སྔོན་ཡུལ་སྐོར་ལས་སྟེགས་ཟླ་4ཚེས་1ཉིན་སྤྱོད་འགོ་ཚུགས་པ་དང་། ལས་སྟེགས་གསར་པས་མཛེས་ལྗོངས་ཁུལ་གྱི་རྒྱ་ཡིག་དང་དབྱིན་ཡིག་ཐོག་ནས་དྲ་ཐོག་གི་ཡུལ་སྐོར་སྣེ་ཤན་དང་། ལྟ་སྐོར་སྣེ་ཤན། སྤྲིན་ཚོགས་གཏོང་སྤྲོད། མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་ཐོན་རྫས་ཚང་མ་དྲ་ཐོག་ཏུ་ཕྱིར་ཚོང་བྱེད་པ་སོགས་ཀྱི་ནང་དོན་མང་དུ་བཏང་སྟེ། ཡུལ་སྐོར་བས་ལག་ཐོགས་ཁ་པར་ལ་བརྟེན་ན་ཚྭ་ཁའི་སྟབས་བདེའི་ཞབས་ཞུ་ལོངས་སྤྱོད་ཐུབ་ནས་མཛེས་ལྗོངས་ཁུལ་གྱི་མཛེས་ལྗོངས་མྱོང་རོལ་དང་མཛེས་ལྗོངས་ཁུལ་གྱི་རིག་གནས་ཉམས་ལེན་བྱེད་ཐུབ།   །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།