ཀྲུང་གོ་བོད་ཀྱི་དྲ་བ།

རིག་གནས་དང་ཡུལ་སྐོར་པུས་སྲིད་ཇུས་དང་བྱེད་ཐབས་ཁག་གཅིག་ཁ་གསལ་བཟོས་ནས་ཡུལ་སྐོར་འཁྲབ་སྟོན་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-04-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་སྔོན། གསར་འགོད་པས་རིག་གནས་དང་ཡུལ་སྐོར་པུའུ་ནས་ཤེས་རྟོགས་བྱུང་གསལ་ལྟར་ན། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་ལས་ཀའི་ནང་དོན་གལ་ཆེན་ཞིག་ཡིན་པའི་ངོས་ནས་རིག་གནས་དང་ཡུལ་སྐོར་པུས་ཡུལ་སྐོར་འཁྲབ་སྟོན་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཡིག་ཆ་ཐོག་མ་དེ་བཏོན་ནས་ཡུལ་སྐོར་འཁྲབ་སྟོན་ལས་རིགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་ཁག་གཅིག་ཁ་གསལ་བཟོས་ཡོད།

2019ལོའི་དུས་ཚིགས་དང་པོའི་གསར་འགོད་པའི་འཆར་ཅན་ཡོངས་བསྒྲགས་ཚོགས་འདུའི་ཐོག རིག་གནས་དང་ཡུལ་སྐོར་པུའི་སྲིད་ཇུས་ཁྲིམས་སྲོལ་སིའི་སྐོར་གཟིགས་པ་གཞོན་པ་ཀྲོའུ་ཅིའུ་ཚའེ་ཡིས་འདས་ཟིན་པའི་ལོ་ལྔ་ནི་རང་རྒྱལ་གྱི་ཡུལ་སྐོར་འཁྲབ་སྟོན་ལས་རིགས་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པའི་དུས་མཚམས་ཤིག་རེད། 2013ལོ་ནས2017ལོ་བར་རང་རྒྱལ་གྱི་ཡུལ་སྐོར་འཁྲབ་སྟོན་ལེ་ཚན་གྱི་ཁ་གྲངས187ནས268བར་མང་དུ་ཕྱིན་པ་དང་། ཡུལ་སྐོར་འཁྲབ་སྟོན་བྱེད་ཚད53336ནས85753བར་མང་དུ་ཕྱིན་པ། ཡུལ་སྐོར་འཁྲབ་སྟོན་ལ་ལྟ་མཁན་གཟིགས་མོ་བ་མི་ཐེངས་ཁྲི2789ནས6821བར་མང་དུ་ཕྱིན་པ། ཡུལ་སྐོར་འཁྲབ་སྟོན་གྱི་སྤ་སེའི་ཡོང་འབབ་སྒོར་དུང་ཕྱུར22.6ནས51.5བར་མང་དུ་ཕྱིན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

ཀྲོའུ་ཅིའུ་ཚའེ་ཡིས་ཉིན་ཤས་གོང་རིག་གནས་དང་ཡུལ་སྐོར་པུས《ཡུལ་སྐོར་འཁྲབ་སྟོན་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་ནས་གསར་གཏོད་དང་ཐོན་སྐྱེད་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་དང་། ལས་རྣམ་གསར་གཏོད་བྱ་རྒྱུར་སྐུལ་འདེད་གཏོང་བ། འཁྲབ་སྟོན་ཆེ་མོའི་གཉེར་སྐྱོང་བྱེད་པོ་སྟོབས་ཆེར་གཏོང་དགོས་པ་བཅས་བཏོན་ཡོད། དམངས་ཕན་ཞབས་འདེགས་ཧུར་ཐག་ཞུ་དགོས་པ་དང་། ལེ་ཚན་གྱི་ནང་དོན་ཞིབ་དཔྱད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཁྲོམ་རའི་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ། བདེ་འཇགས་ཀྱི་མཐའ་ཚད་བརྟན་པོ་སྲུང་བ་བཅས་བྱེད་དགོས་ཞེས་བཤད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།