ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་རྒྱལ་ཡོངས་ཀྱི་བཟོ་སྐྲུན་འཛུགས་སྐྲུན་ལས་གཞིའི་ཞིབ་བཤེར་ཆོག་འགོད་ལམ་ལུགས་བཅོས་སྒྱུར་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-03-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1553867774744609.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་གསུམ་པའི་ཚེས་ཉེར་བརྒྱད་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་རྒྱལ་ཡོངས་ཀྱི་བཟོ་སྐྲུན་འཛུགས་སྐྲུན་ལས་གཞིའི་ཞིབ་བཤེར་ཆོག་འགོད་ལམ་ལུགས་བཅོས་སྒྱུར་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གནང་།

ཧན་ཀྲིན་གྱིས་གསུངས་རྒྱུར། བཟོ་སྐྲུན་འཛུགས་སྐྲུན་ལས་གཞིའི་ཞིབ་བཤེར་ཆོག་འགོད་ལམ་ལུགས་བཅོས་སྒྱུར་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་ལ་ཕབ་པའི་ཐབས་ཇུས་གལ་ཆེན་ཞིག་ཡིན། ཞིབ་བཤེར་ཆོག་འགོད་ལམ་ལུགས་བཅོས་སྒྱུར་ལག་བསྟར་བྱེད་སྐབས། གཞི་རྩའི་རེ་བ་ཞིག་གསར་བོར་ཤེས་པར་བྱེད་རྒྱུ་ནི་དོན་དངོས་གཞིར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། རྦད་ཆོད་སྒོས་ཕྱི་ཚུལ་རིང་ལུགས་གཏན་འགོག་བྱེད་པ་དང་ལག་ལེན་ཁྲོད་དུ་འབུར་ཐོན་གནད་དོན་རྩད་གཅོད་པ་དང་ཐག་བཅད་ནས། ཚོང་རའི་གཙོ་གཞི་ལས་བཅོས་སྒྱུར་གྱི་ཕན་འབྲས་ཐོབ་ཏུ་འཇུག་དགོས་ཟེར།

ཧན་ཀྲིན་གྱིས་གསུངས་རྒྱུར། ས་གནས་སོ་སོས་བཅོས་སྒྱུར་ལག་བསྟར་བསམ་འཆར་གྱི་རེ་བ་དང་བཀོད་སྒྲིག་ལྟར། གཙོ་གཞིའི་འགན་འཁྲི་དང་ལེན་བྱེད་པ་དང་ས་གནས་རང་གི་དོན་དངོས་དང་སྦྲེལ་ཏེ་བཅོས་སྒྱུར་ལག་བསྟར་བྱེད་དགོས། ཞིབ་བཤེར་ཆོག་འགོད་ལས་དོན་ཚད་ལྡན་དུ་གཏོང་བའི་རྨང་གཞིའི་སྟེང་བཟོ་སྐྲུན་འཛུགས་སྐྲུན་ལས་གཞིའི་རིགས་དང་གཞི་ཁྱོན་གྱི་ཆེ་ཆུང་གཞིར་བཟུང་སྟེ་རིགས་བགར་ནས་ཚན་རིག་དང་མཐུན་པའི་ཞིབ་བཤེར་ཆོག་འགོད་བརྒྱུད་རིམ་གཏན་འཁེལ་བྱེད་དགོས། བཅོས་སྒྱུར་བྱ་བའི་ཁྱོན་ཡོངས་མངོན་གསལ་གྱི་ལམ་ལུགས་བཙུགས་ཏེ། མི་དམངས་མང་ཚོགས་ཀྱིས་བཅོས་སྒྱུར་གྱི་གོ་རིམ་ཡོངས་ལ་ལྟ་སྐུལ་བྱེད་པ་དང་། ཚོང་རའི་གཙོ་གཞི་ལས་བཅོས་སྒྱུར་གྱི་ཕན་འབྲས་ལ་ཤན་འབྱེད་བྱས་ནས་བཅོས་སྒྱུར་ཐད་ནས་བླངས་པའི་གྲུབ་འབྲས་འགན་སྲུང་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།