ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་སྲིད་གྲོས་ཀྱིས་པེ་ཅིན་ནས་དྲ་རྒྱའི་སྲིད་གླེང་རྒྱང་བསྟེན་གྲོས་མོལ་ཚོགས་འདུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-03-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1553867575611042.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ3པའི་ཚེས29ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱིས་པེ་ཅིན་ནས་དྲ་རྒྱའི་སྲིད་གླེང་རྒྱང་བསྟེན་གྲོས་མོལ་ཚོགས་འདུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་གྲོས་ཚོགས་ལ་འགོ་འཛིན་མཛད་པར་མ་ཟད་གསུང་བཤད་གནང་། ཁོང་གིས་བསྟན་དོན། བཞི་བཟང་ཞིང་སྡེ་ལམ་ནི་དམངས་ཚིས་བཟོ་སྐྲུན་གལ་ཆེན་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཞི་བཟང་ཞིང་སྡེ་ལམ་གྱི་བཟོ་སྐྲུན་ཐད་ལ་མཛུབ་སྟོན་གལ་ཆེན་གནང་བའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། ཆབ་སྲིད་ཐད་ནས་བཞི་བཟང་ཞིང་སྡེ་ལམ་འཛུགས་སྐྲུན་བྱེད་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གསལ་བོ་བྱས་ཏེ། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་རྒྱུན་འཁྱོངས་བྱེད་པ། མི་དམངས་དཀྱིལ་སྙིང་དུ་འཛིན་པ་རྒྱུན་འཁྱོངས་བྱེད་དགོས་པར་མ་ཟད། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱེད་པ་དང་། ཞིང་སྡེའི་གཞུང་ལམ་འཕེལ་རྒྱས་ཀྱི་གེག་དང་བར་ཆད་རིམ་བཞིན་སེལ་ནས། ཞིང་བ་མང་ཚོགས་དབུལ་ཐར་ཕྱུག་སྒྱུར་བྱས་ཏེ་འབྱོར་འབྲིང་ལམ་དུ་སྐྱོད་པར་སྔར་ལས་བཟང་བའི་འགན་སྲུང་འདོན་སྤྲོད་བྱེད་དགོས་ཟེར།

ཚོགས་ཐོག་ཏུ་ཨུ་ཡོན་གསུམ་གྱིས་རྒྱལ་ཡོངས་སྲིད་གྲོས་ལས་ཁུངས་དང་ཧྥུའུ་ཅན། ཧི་ནན། སི་ཁྲོན། མཚོ་སྔོན་སོགས་ཚོགས་ར་ལྔ་དང་དེ་མིན་ཁ་པར་བརྒྱུད་དེ་གཏམ་བཤད། ཨུ་ཡོན་སུམ་བརྒྱ་ལྷག་གིས་དབྱི་ཏུན་འགན་ནུས་ལག་བསྟར་སྟེགས་བུ་བརྒྱུད་དེ་བསམ་འཆར་བཏོན། ཨུ་ཡོན་རྣམས་ཀྱིས་བལྟས་ན། བཅོས་སྒྱུར་སྒོ་འབྱེད་བྱས་པའི་ཚུན་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། རང་རྒྱལ་གྱི་ཞིང་སྡེ་གཞུང་ལམ་འཛུགས་སྐྲུན་ཐད་ནས་ཀུན་གྱིས་ཡིད་སྨོན་བྱེད་པའི་གྲུབ་འབྲས་བླངས་ཤིང་། ཞིང་བ་མང་ཚོགས་ཀྱི་བདེ་སྐྱིད་ཚོར་སྣང་སྔར་ལས་ཇེ་དྲག་ཏུ་གྱུར་བ་དང་དཔལ་འབྱོར་དང་སྤྱི་ཚོགས་ཕན་འབྲས་བཟང་བོ་ཐོབ་ཡོད་པར་སྙམ།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དབྱང་ཁྲོན་ཐང་གིས་ཚོགས་ཐོག་ཏུ་གཏམ་བཤད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།