ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་དང་གྲོས་མོལ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-03-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1124281341_15535500629541n.jpg

ཟླ་གསུམ་པའི་ཚེས་ཉེར་ལྔ་ཉིན། ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་དང་གྲོས་མོལ་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་གསུམ་པའི་ཚེས་ཉེར་ལྔ་ཉིན། ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་དང་གྲོས་མོལ་མཛད།

ཞི་ཅིན་ཕིང་གིས་གསུངས་རྒྱུར། རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཆེན་པོ་བྱུང་ནའང་ཀྲུང་གོ་དང་ཧྥ་རན་སིའི་འབྲེལ་བ་ནམ་ཡང་ཆུ་ཚད་མཐོ་བའི་ཕྱོགས་སུ་བརྟན་འཇགས་སྒོས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད། ཙུང་ཐུང་ལགས་ཀྱིས་འགན་བཞེས་པའི་ཚུན་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ལོ་གཉིས་ཙམ་གྱི་ནང་དུ་འཕེལ་རྒྱས་ཆེན་པོ་བྱུང་བ་དང་གྲུབ་འབྲས་གསར་བ་གང་མང་བླངས། ད་ལོ་ནི་དམིགས་བསལ་གྱི་དྲན་གསོའི་དོན་སྙིང་ལྡན་པའི་ལོ་ཞིག་ཡིན། ཀྲུང་གོ་དང་ཧྥ་རན་སིའི་བར་འབྲེལ་བ་བཙུགས་ནས་ལོ་ང་ལྔ་ལོན་པའི་ལོ་དང་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་བདུན་ཅུ་ལོན་པའི་ལོ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སི་ཕྱོགས་དང་མཉམ་དུ་ལོ་རྒྱུས་རྒྱུན་འཛིན་དང་མ་འོངས་གསར་སྐྲུན་བྱས་ཏེ། དམ་ཞིང་ཡུན་རིང་བའི་ཀྲུང་གོ་དང་ཧྥ་རན་སིའི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་མུ་མཐུད་དུ་དུས་རབས་ཀྱི་མདུན་གྲས་སུ་སྐྱོད་པ་དང་། ཡུན་རིང་ཞི་བདེ་དང་ཡོངས་ཁྱབ་བདེ་འཇགས། མཉམ་དུ་དར་རྒྱས་གོང་འཕེལ་དུ་འགྲོ་བ། སྒོ་འབྱེད་བཟོད་སྒོམ། དག་གཙང་མཛེས་སྡུག་བཅས་ཀྱི་འཛམ་གླིང་ཞིག་འཛུགས་སྐྲུན་བྱེད་པར་ལོ་རྒྱུས་རང་བཞིན་གྱི་བྱས་རྗེས་ཆེན་པོ་འཇོག་དགོས་ཟེར།

1124281341_15535503738571n.jpg

1124281341_15535993706421n.jpg

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཧྥ་རན་སིའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་ན་ཆབ་སྲིད་ཡིད་ཆེས་གནད་འགག་ཡིན་པ་དང་དངོས་གཉེར་མཉམ་ལས་ནི་ཅིས་ཀྱང་བྱེད་དགོས་པའི་བགྲོད་ལམ་ཡིན་ལ། རྒྱལ་དམངས་བར་གྱི་བརྩེ་དུང་ནི་རྨང་གཞི་ཡིན། གནས་བབ་གསར་བའི་འོག་ཏུ་ཀྲུང་གོ་དང་ཧྥ་རན་སི་ཕྱོགས་གཉིས་ཀྱིས་ཕྱོགས་དེ་གསུམ་གྱི་བྱ་བ་བཟང་བོར་བསྒྲུབ་པ་དང་མུ་མཐུད་དུ་རང་བཙན་རང་བདག་དང་ཕན་ཚུན་ལ་བཟོད་སྒོམ། རྒྱང་རིང་ལ་དམིགས་པ། གཉིས་ཕན་མཉམ་རྒྱལ་བཅས་ཀྱི་རྒྱལ་ཁབ་ཆེན་མོ་མཉམ་གནས་བྱེད་པའི་བགྲོད་ལམ་ལ་འཚོལ་ཞིབ་བྱེད་དགོས། ཕྱོགས་གཉིས་ཀྱི་ཁེ་ཕན་ལ་འབྲེལ་བ་ཡོད་པའི་གནད་དོན་ཐད་ནས་ཕན་ཚུན་ལ་བརྩི་འཇོག་དང་རོགས་རམ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་སོགས་སྣ་མང་རྐྱེན་སྲོལ་ཁྲོད་ཀྱི་མཉམ་ལས་ལ་ཤུགས་བསྣན་ཏེ། ནམ་ཟླའི་འགྱུར་ལྡོག་སོགས་རྒྱལ་སྤྱིའི་གནད་དོན་ཐད་ནས་འབྲེལ་འདྲིས་དང་གཞོགས་འདེགས་དམ་པོ་བྱེད་དགོས་ཟེར།

1124281341_15535503738591n.jpg

མཱ་ཁི་ལུང་གིས་བཤད་རྒྱུར། ཧྥ་རན་སི་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་ནས་ལོ་ང་ལྔའི་རིང་ལ། ཕྱོགས་གཉིས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་ཕན་ཚུན་ལ་བརྩི་འཇོག་བྱས་པ་དང་ཕན་ཚུན་ལ་རྒྱབ་སྐྱོར་བྱས། ཧྥ་རན་སི་དང་ཀྲུང་གོའི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་དགོངས་གཞི་ནི་མཉམ་ལས་ཡིན་ལ། ཧྥ་རན་སི་ཕྱོགས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་བདུན་ཅུ་ལོན་པའི་རིང་ལ་གྲུབ་འབྲས་རླབས་ཆེན་བླངས་པར་རྟེན་འབྲེལ་ཞུ་བ་ཡིན། ཧྥ་རན་སི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་དོ་མཉམ་དང་བརྟན་འཇགས། བདེ་འཇགས། དར་རྒྱས་བཅས་ཀྱི་འཛམ་གླིང་ཞིག་འཛུགས་སྐྲུན་བྱེད་འདོད་ཡོད་པ་དང་། ཧྥ་རན་སི་ཕྱོགས་ཀྱིས་ཧྥ་རན་སི་དང་ཀྲུང་གོའི་འབྲེལ་བའི་མ་འོངས་པར་ཡིད་ཆེས་བརྟན་པོ་བཅངས་ཡོད་ཟེར།

རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་ད་དུང་མཉམ་དུ་གསར་འགོད་པར་ཐུག་འཕྲད་བྱས།

ཏེན་ཞའོ་ཞང་དང་དབྱང་ཅེ་ཁྲི། ཝང་དབྱི། ཧི་ལིས་ཧྥིན་སོགས་གོང་གི་བྱ་འགུལ་ལ་ཞུགས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།