ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་སྐོར་ལྔ་བའི་རྒྱལ་ཡོངས་ལས་བྱེད་པའི་སློབ་སྦྱོང་གསོ་སྦྱོང་བསླབ་གཞི་ལ་འགོ་བརྗོད་བྲིས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-03-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་འགྱངས་པར་པར་སྐྲུན་དང་འགྲེམ་སྤེལ་བྱེད་པའི་སྐོར་ལྔ་བའི་རྒྱལ་ཡོངས་ལས་བྱེད་པའི་སློབ་སྦྱོང་གསོ་སྦྱོང་བསླབ་གཞི་ལ་འགོ་བརྗོད་བྲིས། ཁོང་གིས་ནན་གྱིས་བསྟན་དོན། ང་ཚོ་ཏང་གིས་སློབ་སྦྱོང་ལ་བརྟེན་ནས་ལོ་རྒྱུས་གསར་སྐྲུན་བྱས་པ་དང་སྔར་ལས་ལྷག་པར་སློབ་སྦྱོང་ལ་བརྟེན་ནས་མ་འོངས་པར་སྐྱོད་དགོས། མར་ཁེ་སི་རིང་ལུགས་ཀྱི་སློབ་སྦྱོང་རང་བཞིན་གྱི་སྲིད་ཏང་དང་སློབ་སྦྱོང་གི་རྒྱལ་ཁབ་ཆེན་པོ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དེ་ཀུན་ལས་གཙིགས་སུ་འཛིན་དགོས་ལ། རིགས་གཞུང་དང་དོན་དངོས་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། འདུ་ཤེས་བཞི་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་ཡིད་ཆེས་བཞི་སྔར་ལས་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་བཟང་བོར་བསྒྲུབ་དགོས་པར་མ་ཟད། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་རྣམ་དག་དང་སྤྱོད་གཙང་། ཁག་ཁུར་བཅས་ཀྱི་རེ་བ་ལྟར་རང་ཉིད་ཀྱི་ནུས་པ་ཇེ་མཐོར་གཏོང་བར་སློབ་གསོ་གཏོང་བ་དང་སྣེ་ཁྲིད་བྱེད་དགོས་པ་དང་། ཧུར་ཐག་སྒོས་འཐབ་རྩོད་སྙིང་སྟོབས་སྐྱེད་སྲིང་བྱེད་པ་དང་འཐབ་རྩོད་ནུས་པ་ཇེ་ཆེར་བཏང་ནས། བསམ་བློ་དང་ནུས་པ། འགུལ་སྐྱོད་བཅས་ཏང་ཀྲུང་དབྱང་གི་རེ་བའི་རྗེས་ཆོད་དུ་འཇུག་པ་དང་དུས་རབས་ཀྱི་མདུན་སྐྱོད་གོམ་སྟབས་ཀྱི་རྗེས་ཆོད་དུ་འཇུག་པ། ལས་དོན་འཕེལ་རྒྱས་ཀྱི་དགོས་མཁོའི་རྗེས་ཆོད་དུ་འཇུག་དགོས་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ཏང་ཡོངས་སུ་སློབ་སྦྱོང་བཟང་བོ་བྱེད་པ་དང་ལས་བྱེད་པ་གསོ་སྦྱོང་བྱེད་པའི་བྱ་བ་དམ་འཛིན་བྱེད་ན་བསླབ་གཞི་བཟང་བོ་ཡོད་དགོས། སྐོར་འདིའི་བསླབ་གཞི་ལས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་དོན་སྙིང་གལ་ཆེན་དང་ཚན་རིག་དང་མཐུན་པའི་མ་ལག སྙིང་སྟོབས་དང་ངོ་བོ། ལག་ལེན་གྱི་རེ་བ་བཅས་རྒྱས་བཤད་བྱས་ཡོད་པས། རིམ་པ་སོ་སོ་དང་རིགས་སོ་སོའི་ལས་བྱེད་པའི་སློབ་སྦྱོང་གསོ་སྦྱོང་ཁྲོད་དུ་སྐོར་འདིའི་བསླབ་གཞི་བཀོལ་སྤྱོད་བྱེད་པར་ཡིད་འཇོག་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།