ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་པེ་ཅིན་དང་ཐེན་ཅིན། ཧི་པེ་བཅས་ཀྱི་བྱ་བར་རྟོག་ཞིབ་མཛད་པར་མ་ཟད་འགོ་འཛིན་མཛད་དེ་པེ་ཅིན་དང་ཐེན་ཅིན། ཧི་པེ་བཅས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-01-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20190119100115yvj7.jpg

 ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་ལམ་པེ་ཅིན་དང་ཐེན་ཅིན། ཧི་པེ་བཅས་ཀྱི་བྱ་བར་རྟོག་ཞིབ་མཛད་པ་དང་འགོ་འཛིན་མཛད་དེ་པེ་ཅིན་དང་ཐེན་ཅིན། ཧི་པེ་བཅས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས་པར་མ་ཟད་གསུང་བཤད་གལ་ཆེན་གནང་། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་ལམ་པེ་ཅིན་དང་ཐེན་ཅིན། ཧི་པེ་བཅས་ཀྱི་བྱ་བར་རྟོག་ཞིབ་མཛད་པ་དང་འགོ་འཛིན་མཛད་དེ་པེ་ཅིན་དང་ཐེན་ཅིན། ཧི་པེ་བཅས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས་པར་མ་ཟད་གསུང་བཤད་གལ་ཆེན་གནང་། ཁོང་གིས་བསྟན་དོན། ཁྱོན་ཡོངས་ཀྱི་མཐོ་ཚད་དང་ཡུན་རིང་ལ་བསམ་གཞིགས་བཏང་སྟེ་པེ་ཅིན་དང་ཐེན་ཅིན། ཧི་པེ་བཅས་ཀྱི་མཐུན་སྦྱོར་འཕེལ་རྒྱས་བྱ་བ་བཟང་བོར་བསྒྲུབ་དགོས་པ་དང་། མཐུན་སྦྱོར་འཕེལ་རྒྱས་ཀྱི་རང་རྟོགས་རང་བཞིན་དང་རང་འགུལ་རང་བཞིན། གསར་སྐྲུན་རང་བཞིན་ཇེ་དྲག་ཏུ་གཏོང་དགོས་ལ། ལོ་རྒྱུས་བཟོད་སེམས་དང་འཐབ་ཇུས་གཏན་ཤུགས་སྲུང་འཛིན་བྱེད་པ་དང་བརྟན་བརླིང་སྒོས་བྱ་བ་བསྒྲུབ་པ། སྤོབས་པ་ཆེན་པོས་གསར་སྐྲུན་བྱེད་པ། སྤོབས་པ་ཆེན་པོས་ཁག་ཁུར་བྱེད་པར་མ་ཟད་སྔར་ལས་ནུས་ཤུགས་ཡོད་རྒུ་བཏོན་ནས་པེ་ཅིན་དང་ཐེན་ཅིན། ཧི་པེ་བཅས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ཐད་ནས་གྲུབ་འབྲས་ཆེན་པོ་ལེན་པར་སྐུལ་འདེད་གཏོང་དགོས་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་ཞི་ཅིན་ཕིང་དང་ལྷན་དུ་ཧི་པེ་ཞུང་ཨན་ས་ཁུལ་གསར་བ་དང་པེ་ཅིན་གྲོང་ཁྱེར་དུ་རྟོག་ཞིབ་མཛད་པར་མ་ཟད་བཞུགས་མོལ་ཚོགས་འདུར་ཞུགས།

ཚེས་བཅུ་དྲུག་ཉིན་ནས་ཚེས་བཅོ་བརྒྱད་ཉིན་བར། ཞི་ཅིན་ཕིང་ཧི་པེ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་ཧྥིན་དང་ཧྲིན་ཀྲང་ཞུའུ་ཆིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཐེན་ཅིན་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ལིས་ཧོང་ཀྲུང་དང་ཧྲི་ཀྲང་ཀྲང་གོ་ཆིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། པེ་ཅིན་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཚེ་ཆི་དང་ཧྲི་ཀྲང་ཁྲིན་ཅི་ཉིན་བཅས་དང་མཉམ་དུ་ཧི་པེ་ཞུང་ཨན་ས་ཁུལ་གསར་བ་དང་ཐེན་ཅིན། པེ་ཅིན་བཅས་ལ་ཕེབས་ཏེ་ཡུལ་དངོས་ནས་པེ་ཅིན་དང་ཐེན་ཅིན། ཧི་པེ་བཅས་ཀྱི་མཐུན་སྦྱོར་འཕེལ་རྒྱས་གནས་ཚུལ་ལ་རྒྱུས་ལོན་མཛད།

པེ་ཅིན་གྲོང་ཁྱེར་ཏང་ཨུའི་གཞུང་སྒྲུབ་ཐོག་ཁང་གི་གྲོས་ཚོགས་ཁང་དུ་ཞི་ཅིན་ཕིང་གིས་འགོ་འཛིན་མཛད་དེ་པེ་ཅིན་དང་ཐེན་ཅིན། ཧི་པེ་བཅས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུར་བསྡུས་པ་དང་། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཧི་ལིས་ཧྥིན་དང་པེ་ཅིན་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཚེ་ཆི། ཐེན་ཅིན་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ལིས་ཧོང་ཀྲུང་། ཧི་པེ་ཅིན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་ཧྥིན་བཅས་ཀྱིས་སྔ་གཞུག་ཏུ་གཏམ་བཤད་དེ་པེ་ཅིན་དང་ཐེན་ཅིན། ཧི་པེ་བཅས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ཀྱི་བྱ་བའི་གནས་ཚུལ་མཚམས་སྦྱོར་བྱས་པར་མ་ཟད་བསམ་འཆར་དང་གྲོས་གཞི་བཏོན།

ཞི་ཅིན་ཕིང་གིས་ཚང་མའི་གཏམ་བཤད་ལ་ཉན་རྗེས་གསུང་བཤད་གལ་ཆེན་གནང་། ཁོང་གིས་པེ་ཅིན་དང་ཐེན་ཅིན། ཧི་པེ་བཅས་ཀྱི་མཐུན་སྦྱོར་འཕེལ་རྒྱས་འཐབ་ཇུས་ལག་བསྟར་བྱས་པའི་ཚུན་ལ་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་མཛད། ཁོང་གིས་བསྟན་དོན། པེ་ཅིན་དང་ཐེན་ཅིན། ཧི་པེ་བཅས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ནི་གོ་རིམ་ལྡན་པའི་བཟོ་སྐྲུན་ཞིག་ཡིན་པས་ཡུན་རིང་ལ་འབད་འཐབ་བྱེད་པའི་བསམ་བློའི་གྲ་སྒྲིག་ཡོད་དགོས། འདས་པའི་ལོ་ལྔའི་ནང་པེ་ཅིན་དང་ཐེན་ཅིན། ཧི་པེ་བཅས་ཀྱི་མཐུན་སྦྱོར་འཕེལ་རྒྱས་དེ་བསམ་ཕྱོགས་གསར་བ་གསར་གཏོད་དང་རྨང་གཞི་བཟང་བོ་འདིང་བ། བརྒལ་གཏོར་གསར་བ་འཚོལ་ཞིབ་བྱེད་པའི་དུས་སྐབས་སུ་གནས་ཡོད། དེང་སྐབས་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་ལ་དཀའ་ཁག་སྣ་ཚོགས་ཁྱད་སེལ་གྱི་གནད་འགག་དུས་སྐབས་སུ་བསླེབ་ངེས་ཡིན་པས་སྔར་ལས་ཤུགས་བསྐྱེད་དེ་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་དགོས་ཟེར།

ཞི་ཅིན་ཕིང་གིས་པེ་ཅིན་དང་ཐེན་ཅིན། ཧི་པེ་བཅས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ལ་ཕྱོགས་དྲུག་གི་རེ་བ་བཏོན། གཅིག རྒྱུན་འཁྱོངས་ལྷོད་མེད་སྒོས་བྱ་བ་བསྒྲུབ་སྟེ་ཧུར་ཐག་དང་བརྟན་བརླིང་སྒོས་པེ་ཅིན་ལས་འདས་པའི་ས་ཁུལ་གྱི་ནུས་པ་ཇེ་ཆེར་གཏོང་དགོས། གཉིས། ལོ་རྒྱུས་བཟོད་སེམས་དང་འཐབ་ཇུས་གཏན་ཤུགས་སྲུང་འཛིན་བྱས་ཏེ་སྤུས་ཚད་མཐོ་ཞིང་ཚད་གཞི་མཐོ་བའི་སྒོ་ནས་ཞུང་ཨན་ས་ཁུལ་གསར་བའི་འཆར་འགོད་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། གསུམ། པེ་ཅིན་གྲོང་ཁྱེར་རིམ་པའི་ལས་ཁུངས་གནས་སྤོར་བ་གོ་སྐབས་སུ་བཟུང་སྟེ་སྤུས་ཚད་མཐོ་བའི་སྒོ་ནས་པེ་ཅིན་གྲོང་ཁྱེར་གྱི་ལྟེ་གནས་ཕལ་བའི་འཆར་འགོད་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། བཞི། བཅོས་སྒྱུར་གསར་སྐྲུན་ལ་སྒུལ་ཤུགས་གསར་བ་སྣོན་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་གསར་བའི་ནུས་པ་འདོན་སྤེལ་བཟང་བོ་བྱེད་དགོས། ལྔ། རི་ལྗང་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་མཉམ་འབྲེལ་སྒོས་འཛུགས་སྐྲུན་དང་བཅོས་སྐྱོང་བྱེད་པའི་ནུས་པ་ཇེ་ཆེར་གཏོང་དགོས། དྲུག མི་དམངས་དཀྱིལ་སྙིང་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ་གཞི་རྩའི་སྤྱི་ཐུན་ཞབས་ཕྱིའི་མཉམ་སྐྲུན་མཉམ་སྤྱོད་ལ་སྐུལ་འདེད་གཏོང་དགོས་པ་བཅས་རེད།

ཧན་ཀྲིན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་པེ་ཅིན་དང་ཐེན་ཅིན། ཧི་པེ་བཅས་ཀྱི་མཐུན་སྦྱོར་འཕེལ་རྒྱས་སྐོར་གྱི་འཐབ་ཇུས་དགོངས་པ་གལ་ཆེན་ལ་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པ་དང་པེ་ཅིན་ལས་འདས་པའི་ས་ཁུལ་གྱི་ནུས་པ་ཇེ་ཆེར་བཏང་སྟེ་པེ་ཅིན་དང་ཐེན་ཅིན། ཧི་པེ་བཅས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ཐད་ནས་གྲུབ་འབྲས་གསར་བ་ཐོབ་པར་སྐུལ་འདེད་གཏོང་དགོས། སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང་རྐྱེན་སྲོལ་ཆ་ཚང་དུ་བཏང་ནས་པེ་ཅིན་ལས་འདས་པའི་ས་ཁུལ་གྱི་ནུས་པ་ཇེ་ཆེར་གཏོང་དགོས། མི་དམངས་དཀྱིལ་སྙིང་དུ་འཛིན་པའི་འཕེལ་རྒྱས་བསམ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་གཞི་རྩའི་སྤྱི་ཐུན་ཞབས་ཕྱི་དོ་མཉམ་ཅན་ལ་སྐུལ་འདེད་བཏང་ནས། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་སྔར་ལས་ཇེ་དྲག་ཏུ་གཏོང་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།