ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-01-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དང་པོའི་ཚེས་བཅུ་བཞི་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས་ཏེ། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པར་གྲོས་ཞིབ་བྱེད་པར་སྤྲོད་རྩིས་ཡོད་པའི་སྲིད་གཞུང་བྱ་བའི་སྙན་ཞུ་ལ་གྲོས་བསྡུར་བྱས་པ་དང་། སྲིད་གཞུང་བྱ་བའི་སྙན་ཞུའི་བསམ་འཆར་བསྡུ་ལེན་མ་ཡིག་དེ་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་སོ་སོ་དང་ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་ལ་འགྲེམ་སྤེལ་བྱས་ནས་བསམ་འཆར་བསྡུ་ལེན་བྱེད་རྒྱུ་ཐག་བཅད་པར་མ་ཟད་དུས་ཚིགས་དང་པོའི་དཔལ་འབྱོར་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།

ལིས་ཁི་ཆང་གིས་གསུངས་རྒྱུར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྟེང་བྱ་བའི་སྙན་ཞུ་འབུལ་བར་མི་དམངས་ཀྱི་ལྟ་རྟོག་དང་ལེན་བྱེད་པ་ནི་རྩ་ཁྲིམས་ནང་གཏན་འཁེལ་བྱས་པའི་འགན་འཁྲི་གལ་ཆེན་ཞིག་ཡིན། སྲིད་གཞུང་བྱ་བའི་སྙན་ཞུ་ལ་འཆར་ཟིན་བཟང་བོ་འགོད་པ་དེ་ཐུན་མོང་གི་ལྟ་ཚུལ་གཅིག་སྡུད་དང་ཕྱོགས་སོ་སོའི་སྟོབས་ཤུགས་གཅིག་བསྡུས་བྱེད་པར་ཕན་པ་ཡོད་པར་མ་ཟད་སྲིད་གཞུང་བྱ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་ངེས་ཡིན་ཟེར།

ལིས་ཁི་ཆང་གིས་གསུངས་རྒྱུར། ད་ལོར་རང་རྒྱལ་གྱི་འཕེལ་རྒྱས་ཁོར་ཡུག་སྔར་ལས་རྙོག་འཛིང་ཆེ་ཞིང་དཀའ་ཁག་འགྲན་རྩོད་སྔར་ལས་མང་བ་དང་དཔལ་འབྱོར་ཇེ་སྡུག་ཏུ་འགྱུར་བའི་གནོན་ཤུགས་ཆེ་ལ།  སྲིད་གཞུང་བྱ་བར་དཀའ་ཚེགས་ཆེ་ཞིང་ལས་འགན་ལྕི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ་བརྟན་འཇགས་ཁྲོད་ནས་འཕེལ་རྒྱས་བརྩོན་ལེན་བྱེད་པའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ་དང་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་རྒྱུན་མཐུད་སྒོས་ཟབ་སྤེལ་བྱེད་དགོས་ལ། འཐབ་ཇུས་གོ་སྐབས་ཀྱི་ནང་དོན་གསར་བ་དང་དམ་པོར་སྦྲེལ་ཏེ་བརྟན་འཇགས་སྒོས་འཕར་སྣོན་དང་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ། སྒྲིག་གཞི་ལེགས་སྒྲིག དམངས་ཚིས་ལེགས་བཅོས། ཉེན་ཁ་འགོག་སྲུང་བྱ་བ་བཟང་བོར་བསྒྲུབ་པར་གཅིག་གྱུར་སྒོས་བཀོད་འདོམས་བྱས་ནས་དཔལ་འབྱོར་འཁོར་རྒྱུག་དེ་ལུགས་མཐུན་གྱི་ཁུལ་ཁོངས་སུ་སྲུང་འཛིན་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།