ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་དང་ཧྥིན་ལན་གྱི་ཙུང་ཐུང་ཉི་ཉི་སི་ཐོ་རྣམ་གཉིས་མཉམ་དུ2019ལོའི་ཀྲུང་གོ་དང་ཧྥིན་ལན་གྱི་དགུན་ཁའི་ལུས་རྩལ་ལོ་འགོ་བརྩམས་པའི་མཛད་སྒོར་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-01-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20190115094908pzsC.jpg

ཟླ་དང་པོའི་ཚེས་བཅུ་བཞི་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཧྥིན་ལན་གྱི་ཙུང་ཐུང་ཉི་ཉི་སི་ཐོ་རྣམ་གཉིས་མཉམ་དུ་ཉིས་སྟོང་བཅུ་དགུ་ལོའི་ཀྲུང་གོ་དང་ཧྥིན་ལན་གྱི་དགུན་ཁའི་ལུས་རྩལ་ལོ་འགོ་བརྩམས་པའི་མཛད་སྒོར་ཞུགས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ1པོའི་ཚེས14ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཧྥིན་ལན་གྱི་ཙུང་ཐུང་ཉི་ཉི་སི་ཐོ་རྣམ་གཉིས་མཉམ་དུ་ཉིས་སྟོང་བཅུ་དགུ་ལོའི་ཀྲུང་གོ་དང་ཧྥིན་ལན་གྱི་དགུན་ཁའི་ལུས་རྩལ་ལོ་འགོ་བརྩམས་པའི་མཛད་སྒོར་ཞུགས། མཛད་སྒོའི་སྟེང་ཞི་ཅིན་ཕིང་གིས་ཤིས་ཚིག་འབུལ་སྐབས་བསྟན་དོན། ཀྲུང་གོ་གསར་བ་ཐོག་དང་པོར་ཨོ་རྩལ་འགྲན་ཚོགས་ལ་ཞུགས་པའི་ལོ་ནི་གཅིག་དགུ་ང་གཉིས་ལོའི་ཧྥིན་ལན་ཧི་ཨར་ཞིན་ཅིའི་ཨོ་རྩལ་འགྲན་ཚོགས་ཡིན་པ་དང་ལོ་དེར་སྐར་ལྔའི་དར་དམར་ཐོག་དང་པོར་ཨོ་རྩལ་འགྲན་ཚོགས་ར་བའི་ནང་ཡར་སྒྲེང་། ཀྲུང་གོ་དང་ཧྥིན་ལན་གྱི་དགུན་ཁའི་ལུས་རྩལ་འཕེལ་རྒྱས་ལ་གོ་སྐབས་ཆེན་པོ་ལྡན་པ་དང་ཁ་གསབ་རང་བཞིན་ལ་ཤུགས་ཆེ་ལ་མཉམ་ལས་ཀྱི་སྦས་ཤུགས་ཆེན་པོ་ཡོད། ཉིས་སྟོང་བཅུ་དགུ་ལོའི་ཀྲུང་གོ་དང་ཧྥིན་ལན་གྱི་དགུན་ཁའི་ལུས་རྩལ་ལོ་ཡིས་རྒྱལ་ཁབ་གཉིས་ཀྱི་ལུས་རྩལ་མཉམ་ལས་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ་དང་། ཀྲུང་གོ་དང་ཧྥིན་ལན་གྱིས་མ་འོངས་པར་ཁ་ཕྱོགས་པའི་རྣམ་པ་གསར་བའི་མཉམ་ལས་གྲོགས་པོའི་འབྲེལ་བ་སྔར་ལས་གོང་འཕེལ་དུ་འགྲོ་བར་སྐུལ་འདེད་གཏོང་བར་ཡིད་ཆེས་ཡོད་ཟེར།

ཉི་ཉི་སི་ཐོ་ཡིས་བཤད་རྒྱུར། ཀྲུང་གོ་ནི་འཛམ་གླིང་གི་ལུས་རྩལ་རྒྱལ་ཁབ་ཆེན་པོར་གྱུར་ཡོད། ཧྥིན་ལན་ཕྱོགས་ཀྱིས་ཀྲུང་གོས་ཉིས་སྟོང་ཉེར་གཉིས་ལོའི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་བདེ་བླག་ངང་བསྒྲུབ་པར་རྒྱབ་སྐྱོར་བྱེད་པ་དང་། ཧྥིན་ལན་ནི་ཀྲུང་གོ་དང་མཉམ་དུ་དགུན་ཁའི་ལུས་རྩལ་ལོ་སྤེལ་འགོ་བརྩམས་པའི་རྒྱལ་ཁབ་དང་པོར་གྱུར་བར་ཧ་ཅང་དགའ་སྤྲོ་སྐྱེས་ཡོད་ཟེར།

ཀྲུང་གོ་དང་ཧྥིན་ལན་རྒྱལ་ཁབ་གཉིས་ཀྱི་ན་ཆུང་བྱིས་པས་རྒྱལ་ཁབ་གཉིས་ཀྱི་འགོ་གཙོར་ཀྲུང་གོ་དང་ཧྥིན་ལན་གྱི་དགུན་ཁའི་ལུས་རྩལ་ལོའི་རྟགས་མཚན་དང་དྲན་གསོའི་དངོས་བོ་གནང་། རྒྱལ་ཁབ་གཉིས་ཀྱི་འགོ་གཙོ་དང་ཀྲུང་གོ་དང་ཧྥིན་ལན་གྱི་དར་ཤུད་རྣམ་གྲངས་ཀྱི་ལུས་རྩལ་པའི་འཐུས་མི་རྣམས་ཉིས་སྟོང་བཅུ་དགུ་ལོའི་ཀྲུང་གོ་དང་ཧྥིན་ལན་གྱི་དགུན་ཁའི་ལུས་རྩལ་ལོ་འགོ་བརྩམས་པའི་བྱ་འགུལ་ལ་ཞུགས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།