ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཧི་པེ་ཞིང་ཆེན་མི་དམངས་སྲིད་གཞུང་དང་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ཧི་པེ་ཞུང་ཨན་ས་ཁུལ་གསར་བའི་ཉིས་སྟོང་བཅོ་བརྒྱད་ལོ་ནས་ཉིས་སྟོང་སོ་ལྔ་ལོའི་སྤྱིའི་འཆར་འགོད་ལ་མཆན་བཀོད་བཀའ་ལན་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-01-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ལམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཧི་པེ་ཞིང་ཆེན་མི་དམངས་སྲིད་གཞུང་དང་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ཧི་པེ་ཞུང་ཨན་ས་ཁུལ་གསར་བའི་ཉིས་སྟོང་བཅོ་བརྒྱད་ལོ་ནས་ཉིས་སྟོང་སོ་ལྔ་ལོའི་སྤྱིའི་འཆར་འགོད་ལ་མཆན་བཀོད་བཀའ་ལན་གནང་། མཆན་བཀོད་བཀའ་ལན་ནང་བསྟན་དོན། ཧི་པེ་ཞུང་ཨན་ས་ཁུལ་གསར་བའི་ཉིས་སྟོང་བཅོ་བརྒྱད་ལོ་ནས་ཉིས་སྟོང་སོ་ལྔ་ལོའི་སྤྱིའི་འཆར་འགོད་ལ་རྩ་དོན་ཐོག་ནས་འཐད་པ་བྱུང་ཟེར།

མཆན་བཀོད་བཀའ་ལན་ལས་ཞུང་ཨན་ས་ཁུལ་གསར་བའི་འཐབ་ཇུས་གཏན་གནས་དང་དམ་དུ་སྦྲེལ་ཏེ། གོ་རིམ་ལྡན་པའི་སྒོ་ནས་པེ་ཅིན་གྱི་རྒྱལ་ས་ལས་འདས་པའི་ནུས་པ་ཇེ་ཆེར་གཏོང་བ་དང་རྒྱལ་ཁོངས་བར་སྟོང་དུ་གསར་སྤེལ་སྲུང་སྐྱོབ་རྣམ་པ་ལེགས་སྒྱུར་བྱེད་དགོས་ལ། མཛེས་པའི་རང་བྱུང་སྐྱེ་ཁམས་ཁོར་ཡུག་གསར་སྐྲུན་བྱེད་པ་དང་གྲོང་གསེབ་མཉམ་བསྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་ས་ཁུལ་གསར་བའི་ཁྱད་ཆོས་འབུར་དུ་ཐོན་པར་བྱེད་པ་དང་དེང་རབས་ཕྱོགས་བསྡུས་འགྲིམ་འགྲུལ་མ་ལག་གསར་སྐྲུན་བྱེད་པར་མ་ཟད་ལྗང་མདོག་ཐན་ཉུང་གྲོང་ཁྱེར་འཛུགས་སྐྲུན་བྱེད་པ་དང་རྒྱལ་སྤྱིའི་སྟེང་དུ་མིང་གྲགས་ཆེ་བའི་གསར་སྐྲུན་རང་བཞིན་གྱི་གྲོང་ཁྱེར་འཛུགས་སྐྲུན་བྱེད་དགོས་ལ། གྲོང་ཁྱེར་གྱི་བདེ་འཇགས་འཁོར་སྐྱོད་ལ་འགན་སྲུང་བྱེད་པ་དང་འཆར་འགོད་རྩ་འཛུགས་ལག་བསྟར་ལ་ཤུགས་སྣོན་དགོས་པའི་རེ་བ་བཏོན།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།