ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་དམངས་གཙོ་འཚོ་བའི་ཚོགས་འདུ་བསྡུས་པ་དང་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་།

1123909688_15458398551851n.jpg

 ཟླ12པའི་ཚེས25ཉིན་དང་ཚེས26ཉིན་གཉིས་ལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་དམངས་གཙོ་འཚོ་བའི་ཚོགས་འདུ་བསྡུས་པ་དང་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ12པའི་ཚེས25ཉིན་དང་ཚེས26ཉིན་གཉིས་ལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་དམངས་གཙོ་འཚོ་བའི་ཚོགས་འདུ་བསྡུས་ཏེ། གསར་སྐྲུན་རིགས་གཞུང་དྲག་ཆས་ཇེ་དྲག་ཏུ་བཏང་སྟེ་འདུ་ཤེས་བཞི་བརྟན་པོར་ཆགས་པར་བྱེད་པ་དང་། ཡིད་རྟོན་བཞི་ཇེ་བརྟན་དུ་གཏོང་བ། རྦད་ཆོད་སྒོས་སྲུང་སྐྱོབ་གཉིས་བཟང་བོར་བསྒྲུབ་པ་དང་སྤོབས་པ་ཆེན་པོས་ཁག་ཁུར་བྱེད་པར་མ་ཟད་བདེན་འཚོལ་དངོས་གཉེར་གྱི་བྱ་སྤྱོད་ལ་བརྟེན་ཏེ་རྦད་ཆོད་སྒོས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ས་ཆ་ཀུན་ཏུ་དངོས་འབེབས་བྱེད་པ་བརྗོད་དོན་གཙོ་བོ་བྱས་ནས། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བྱ་བར་འབྲེལ་འདྲིས་བྱེད་པ་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཏང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་འགོ་ཁྲིད་ལ་ཤུགས་སྣོན་དང་སྲུང་སྐྱོབ་བྱེད་པའི་སྐོར་གྱི་གཏན་འཁེལ་འགའ་ལག་བསྟར་ནན་མོ་བྱེད་པར་འབྲེལ་འདྲིས་དང་སྣེ་ཁྲིད་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་མཛུབ་སྟོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དང་དངོས་འབེབས་བྱེད་པའི་དོན་དངོས་དང་འབྲེལ་འདྲིས་དང་སྣེ་ཁྲིད་བྱེད་པ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཀྲུང་དབྱང་གི་གཏན་འཁེལ་བརྒྱད་ལག་བསྟར་དང་དངོས་འབེབས་བྱེད་པའི་སྒྲིག་སྲོལ་ཞིབ་ཕྲ་ལག་བསྟར་ནན་མོ་བྱེད་པའི་དོན་དངོས་དང་འབྲེལ་འདྲིས་དང་སྣེ་ཁྲིད་བྱས་ཏེ། རང་གིས་རང་ལ་ཞིབ་བཤེར་དང་ཏང་གཤིས་དབྱེ་ཞིབ་བྱས་པ་དང་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱས།

ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་རྣམས་ཀྱི་གཏམ་བཤད་ལས་གཙོ་བོ་ཕྱོགས་གསུམ་མཚོན་པར་བྱས་ཡོད། གཅིག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པར་སྣེ་ཁྲིད་བྱེད་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཏང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་འགོ་ཁྲིད་ལ་ཤུགས་སྣོན་དང་སྲུང་སྐྱོབ་བྱེད་པའི་གཏན་འཁེལ་འགའ་ལག་བསྟར་ནན་མོ་བྱས་ཏེ། རྦད་ཆོད་སྒོས་སྲུང་སྐྱོབ་གཉིས་བཟང་བོར་བསྒྲུབ་པ་དང་རང་རྟོགས་སྒོས་ཆབ་སྲིད་འགན་འཁྲི་ལག་བསྟར་བྱས་ནས་ཆབ་སྲིད་ནུས་པ་ཇེ་མཐོར་གཏོང་དགོས། གཉིས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དང་དངོས་འབེབས་བྱེད་པར་སྣེ་ཁྲིད་བྱས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱེད་པ་དང་གནས་བབ་གསར་བ་དང་འགྲན་རྩོད་གསར་བར་ཁ་གཏད་འཇལ་བ། དངོས་འབེབས་བྱ་བ་དམ་འཛིན་བྱེད་པ། སྤོབས་པ་ཆེན་པོས་དཀའ་ཁག་སྣ་ཚོགས་ཁྱད་སེལ་བྱེད་དགོས། གསུམ།  ཀྲུང་དབྱང་གི་གཏན་འཁེལ་བརྒྱད་དང་དེའི་ལག་བསྟར་སྒྲིག་སྲོལ་ཞིབ་ཕྲའི་དགོངས་དོན་ལག་བསྟར་ནན་མོ་བྱེད་པར་སྣེ་ཁྲིད་བྱས་ཏེ། སྤྱོད་གཙང་རང་གཅུན་བྱེད་པ་དང་ཁྱིམ་མིའི་བུ་དང་བུ་མོ་དང་དེ་དང་འབྲེལ་བའི་བྱ་བ་སྒྲུབ་མཁན་ལ་དོ་དམ་བཟང་བོ་བྱེད་པ། རྦད་ཆོད་སྒོས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་གཏན་འགོག་བྱེད་དགོས་པ་བཅས་རེད།

ཚོགས་ཐོག་ནས་བསྟན་དོན། ད་ལོ་ནི་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལག་བསྟར་དང་དངོས་འབེབས་བྱེད་འགོ་བརྩམས་པའི་ལོ་ཡིན། རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་ཁོར་ཡུག་དང་དཀའ་ཚེགས་ཆེ་ཞིང་ལས་འགན་ལྕི་བའི་རྒྱལ་ནང་གི་བཅོས་སྒྱུར་འཕེལ་རྒྱས་ཀྱི་བརྟན་འཇགས་ལས་འགན་ལ་དམིགས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འགོ་ཁྲིད་འོག ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྟེང་གཏན་འཁེལ་བྱས་པའི་བཀོད་སྒྲིག་ལྟར་མུ་མཐུད་དུ་ཕྱོགས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་གཅིག་གྱུར་སྒོས་ལག་བསྟར་བྱེད་པ་དང་། ཁྱོན་ཡོངས་བཞི་ཡི་འཐབ་ཇུས་བཀོད་སྒྲིག་མཐུན་སྦྱོར་སྒོས་ལག་བསྟར་བྱེད་དགོས་ལ། བརྟན་འཇགས་ཁྲོད་ནས་འཕེལ་རྒྱས་བརྩོན་ལེན་བྱེད་པའི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱེད་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རེ་བ་དངོས་འབེབས་བྱེད་པ། བཅོས་སྒྱུར་སྒོ་འབྱེད་ཁྱོན་ཡོངས་ནས་ཟབ་སྤེལ་བྱེད་དགོས་པར་མ་ཟད། ཕན་ནུས་ལྡན་པའི་སྒོ་ནས་ཕྱི་ཕྱོགས་ཁོར་ཡུག་གི་འགྱུར་ལྡོག་ལ་ཁ་གཏད་འཇལ་ཞིང་དཀའ་ཁག་ཁྱད་སེལ་དང་གསར་གཏོད་བརྩོན་ལེན་བྱེད་པ་དང་ནན་ཏན་སྒོས་བྱ་བ་བསྒྲུབ་ནས། ཕྱོགས་སོ་སོའི་བྱ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་བ་དང་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཐད་ནས་འཕེལ་རྒྱས་ཀྱི་རྣམ་པ་བཟང་བོ་སྲུང་འཛིན་བྱེད་པ་དང་མཉམ་དུ་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལག་བསྟར་དང་དངོས་འབེབས་བྱེད་པར་འགོ་བཟང་བོ་ཞིག་ཚུགས་པ་མངོན་འགྱུར་བྱེད་དགོས་ཟེར།

1123909688_15458398551901n.jpg

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་འགོ་འཛིན་མཛད་པར་མ་ཟད་གསུང་བཤད་གལ་ཆེན་གནང་།

ཚོགས་ཐོག་ནས་བསྟན་དོན། སྤྱོད་ཚུལ་འཛུགས་སྐྲུན་ནམ་ཡང་སྤེལ་བཞིན་ཡོད་པས། དག་ཐེར་བཅོས་སྐྱོང་གི་སྤྱོད་ངན་བཞི་ཡི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་པ་དང་།  ཏང་སྲོལ་སྲིད་སྲོལ་བཟང་བོ་སྲུང་འཛིན་བྱེད་སྐབས། ངེས་པར་དུ་ཏང་ཀྲུང་དབྱང་ནས་དམ་འཛིན་པ་དང་མཐོ་རིམ་ལས་བྱེད་པ་ནས་བཟང་བོར་བསྒྲུབ་དགོས། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་རྣམས་ཀྱིས་རང་རྟོགས་སྒོས་སྤྱོད་གཙང་རང་གཅུན་བཟང་བོར་བསྒྲུབ་པ་དང་ཁྱིམ་མིའི་བུ་དང་བུ་མོ་དང་དེ་འབྲེལ་བའི་བྱ་བ་སྒྲུབ་མཁན་ལ་དོ་དམ་ལེགས་པོ་བྱེད་དགོས་ལ། ཁྱིམ་སྲོལ་ཁྱིམ་སློབ་དམ་འཛིན་བྱེད་པ་དང་རྦད་ཆོད་སྒོས་དམིགས་བསལ་དབང་ཆའི་བསམ་བློ་དང་དམིགས་བསལ་དབང་ཆའི་རྣམ་པར་ངོ་རྒོལ་དང་གཏན་འགོག་བྱེད་དགོས་པར་མ་ཟད་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་གང་རུང་གཏན་འགོག་བྱེད་པར་སྣེ་ཁྲིད་དེ་ཏང་ཡོངས་ལ་ཚད་ཤིང་འཛུགས་པ་དང་དཔེ་སྟོན་གྱི་ནུས་པ་འདོན་དགོས་ཟེར།

ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་ཚང་མའི་ཞིབ་བསྡུར་སྐྱོན་བཤེར་ཐད་ཀྱི་གཏམ་བཤད་ལ་སྤྱི་སྡོམ་གནང་བ་མ་ཟད། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་གཏན་ཁེལ་དང་ལག་བསྟར་སྒྲིག་སྲོལ་ཞིབ་ཕྲ་ལག་ལེན་མཐར་ཕྱིན་བྱེད་པའི་ཐད་ནས་རེ་བ་བཏོན། ཁོང་གིས་བསྟན་དོན། ཐེངས་འདིའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་དམངས་གཙོ་འཚོ་བའི་གྲོས་ཚོགས་བསྡུས་པ་ཧ་ཅང་བཟང་ཞིང་ཚང་མའི་གཏམ་བཤད་ཐད་ནས་གྲ་སྒྲིག་གང་ལེགས་བྱས་པ་དང་། གནས་ཚུལ་དངོས་དང་འབྲེལ་འདྲིས་བྱས་པ་དང་བསམ་གཞིགས་གཏིང་ཟབ་བཏང་ཡོད་ལ། ངོས་ཟིན་དང་མྱོང་ཚོར་གླེང་བ་དང་། གནད་དོན་དང་ཞན་ཆ་འཚོལ་བ། གྲོས་གཞི་འདོན་པ། དྲང་པོ་དྲང་གཞག་དང་ཁ་གསང་ཟོལ་མེད་བྱས་ནས། བསམ་བློ་བརྗེ་རེས་བྱས་པ་དང་མཐུན་སྒྲིལ་དམ་ཟབ་ཏུ་བཏང་བ་མ་ཟད། གནད་དོན་བཙལ་ཞིང་ལེགས་བཅོས་ཀྱི་ཁ་ཕྱོགས་གཏན་ཁེལ་གསལ་བོ་བྱས་ཏེ། སྔོན་དཔོག་གི་དམིགས་འབེན་མངོན་འགྱུར་བྱས་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། ང་ཚོས་ཏང་ནང་ཁུལ་དུ་གནས་པའི་གནད་དོན་སྣ་ཚོགས་དང་སྐྱོན་ཆ་ལ་ཐད་ཀར་ཁ་གཏད་འཇལ་བ་དང་། ཀྲུང་དབྱང་གི་གཏན་ཁེལ་བརྒྱད་གཏན་འབེབས་དང་ལག་བསྟར་བྱས་ནས། གནས་བབ་གསར་བའི་འོག་གི་ཀུན་སྤྱོད་འཛུགས་སྐྲུན་ཐད་ནས་ཅི་ཞིག་དམ་འཛིན་བྱེད་པ་དང་ཅི་ལྟར་དམ་འཛིན་བྱེད་པའི་གནད་དོན་ཐག་བཅད་དེ། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་དང་། ཏང་སྲོལ་སྲིད་སྲོལ་དང་སྤྱི་ཚོགས་ཀྱི་སྣང་ཚུལ་ལེགས་བསྒྱུར་བྱེད་པར་སྐུལ་འདེད་བཏང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་རྗེས་སུ། ང་ཚོས་གནས་ཚུལ་གསར་བ་དང་གནད་དོན་གསར་བ་ཁ་གཏད་དེ། ཀྲུང་དབྱང་གི་གཏན་ཁེལ་བརྒྱད་ཀྱི་ལག་བསྟར་སྲོལ་ཡིག་ཞིབ་ཕྲར་བཟོ་བཅོས་བྱས་ནས། མུ་མཐུད་དུ་ཀྲུང་དབྱང་གི་གཏན་ཁེལ་བརྒྱད་ཀྱི་དགོངས་དོན་ལག་བསྟར་བྱས། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་ཚོས་སྣེ་ཁྲིད་དེ་ཀྲུང་དབྱང་གི་གཏན་ཁེལ་བརྒྱད་ཀྱི་དགོངས་དོན་ལག་བསྟར་ནན་མོ་བྱེད་པའི་ཞོར་དུ། འགན་ཁུར་བའི་ས་ཁུལ་དང་སྡེ་ཁག་གིས་ཀྲུང་དབྱང་གི་གཏན་ཁེལ་བརྒྱད་ཀྱི་དགོངས་དོན་ལག་བསྟར་བྱེད་པའི་བྱ་བར་དམ་འཛིན་བྱེད་དགོས་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ང་ཚོ་ཏང་གི་ལོ་རྒྱུས་ཀྱི་ཉམས་མྱོང་ལས་མངོན་པ་ལྟར་ན། ཏང་ཀྲུང་དབྱང་གི་དབང་ཟིལ་དང་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་རྒྱུན་འཁྱོངས་བཟང་བོ་བྱས་ན། ད་གཟོད་ཏང་གི་ལས་དོན་དར་རྒྱས་གཏོང་ཐུབ་ལ། དེ་ལས་ཟློག་ན། ཏང་གི་ལས་དོན་ལ་གནོད་སྐྱེལ་ངེས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། ཏང་ཀྲུང་དབྱང་གིས་འདུ་ཤེས་བཞི་དང་སྲུང་སྐྱོབ་གཉིས་ནན་སྟོན་བྱས་པ་དང་། བླང་བྱ་སྐོར་ཞིག་བཏོན་ལ། གྲུབ་འབྲས་ཀྱང་མངོན་གསལ་བླངས། ཏང་གོང་འོག་ཡོངས་ནས་མཐུན་སྒྲིལ་དམ་ཟབ་བྱས་པའི་རྐྱེན་གྱིས། ང་ཚོས་ཡུན་རིང་བོར་ཐག་གཅོད་འདོད་ཀྱང་གཅོད་མ་ཐུབ་པའི་དཀའ་གནད་ཐག་བཅད་པ་དང་། སྔོན་ཆད་བསྒྲུབ་འདོད་ཀྱང་བསྒྲུབ་མ་ཐུབ་པའི་དོན་ཆེན་མང་པོ་བསྒྲུབས་ལ། ཏང་དང་རྒྱལ་ཁབ་ནང་ཁུལ་དུ་གནས་པའི་ཉེན་ཁ་མེད་པར་བཟོས་ཏེ། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཐད་ནས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལེན་པ་དང་། ལོ་རྒྱུས་རང་བཞིན་འགྱུར་ལྡོག་བྱུང་བར་སྐུལ་འདེད་བཏང་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་གྱི་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྣ་ཚོགས་ཚང་མ་དམངས་གཙོ་གཅིག་བསྡུས་ལམ་ལུགས་ལག་བསྟར་ནན་མོ་བྱས་པ་དང་། ཏང་ནང་གི་དམངས་གཙོ་དར་སྤེལ་གཏོང་བར་ཧ་ཅང་མཐོང་ཆེན་བྱས་པ། བརྟག་བཤེར་ཞིབ་འཇུག་ཟབ་མོ་བྱས་པ་དང་ཕྱོགས་སོ་སོའི་བསམ་འཆར་ལ་ཉན་པ། ཡང་དང་བསྐྱར་དུ་གྲོས་སྡུར་བྱས་པ་ལས་གྲུབ་པ་ཡིན། འདི་འདྲའི་ཏང་ཆེན་པོ་ཞིག་དང་རྒྱལ་ཁབ་ཆེན་པོ་ཞིག་བཅོས་སྐྱོང་བཟང་བོ་བྱེད་དགོས་ན། ཕྱོགས་སོ་སོའི་གནས་ཚུལ་ཁོང་དུ་ཆུད་པར་བྱེད་དགོས་པ་དང་། དེ་ཡང་ཏང་ནང་གི་དམངས་གཙོ་དར་སྤེལ་བྱེད་པ་དང་། རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན། ལས་བྱེད་པས་མི་དམངས་ཀྱི་སེམས་གཏམ་ལ་ཉན་པ་དང་མི་དམངས་ཀྱི་འདོད་བློ་གཅིག་བསྡུས་བྱེད་པར་རྟེན་དགོས། འགོ་ཁྲིད་ལས་བྱེད་པའི་དམངས་གཙོ་བྱང་ཚད་དེ་འགོ་ཁྲིད་ནུས་པར་བརྩིས་ནས་སྐྱེད་སྲིང་བྱེད་པ་དང་། འགོ་ཁྲིད་ཀྱི་སྒྱུ་རྩལ་ཞིག་ཏུ་བརྩིས་ནས་བྱང་ཆུབ་པར་བྱེད་དགོས། འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་དང་གཞན་ལ་ཕན་འདོགས་པའི་རྣམ་འགྱུར་ཡོད་དགོས་པ་དང་། སེམས་རྒྱ་ཆེན་པོ་ཡོད་དགོས་ལ། ཕྱོགས་སོ་སོའི་བསམ་འཆར་ངོ་མར་རྒྱུས་ལོན་ཡང་དག་བྱེད་པ་དང་། ཡང་དང་བསྐྱར་དུ་ཞིབ་འཇུག་དང་ཞིབ་བསྡུར་བྱེད་པ་དང་བཟང་བོར་སློབ་སྦྱོང་བྱེད་དགོས། དམངས་གཙོ་གཅིག་བསྡུས་ལམ་ལུགས་ལག་བསྟར་བྱེད་རྒྱུ་ནི་ཏང་ཡོངས་ཀྱི་ཐུན་མོང་གི་ཆབ་སྲིད་འགན་འཁྲི་ཡིན་པ་དང་། གཙོ་བོར་རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་གྱི་འགན་འཁྲི་ཡིན་པས། ཚང་མས་མིག་དཔེ་ཡི་ནུས་པ་འདོན་སྤེལ་བྱེད་དགོས་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། དུས་རབས་གསར་བར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་རྒྱུ་ནི་རླབས་ཆེན་གྱི་སྤྱི་ཚོགས་བཅོས་བསྒྱུར་ཞིག་ཡིན་པས། ང་ཚོའི་ངེས་པར་དུ་དུས་ནམ་ཡང་ལོ་རྒྱུས་ཀྱི་ཁྱད་ཆོད་མང་པོ་ལྡན་པའི་རླབས་ཆེན་གྱི་འཐབ་རྩོད་བྱེད་དགོས་པ་དང་། ངེས་པར་དུ་ང་ཚོའི་ལས་བྱེད་པ་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པའི་མིག་རྒྱ་དང་ཁོག་རྒྱ་ཆེར་སྐྱེད་དེ། འཐབ་རྩོད་ཀྱི་སྙིང་སྟོབས་རྒྱུན་འཁྱོངས་བྱེད་པ་དང་འཐབ་རྩོད་ཀྱི་ནུས་པ་ཇེ་དྲག་ཏུ་གཏོང་དགོས་ཟེར།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།