ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གཉིས་ཀྱིས་ཉིས་སྟོང་བཅུ་དགུ་ལོའི་ལུགས་གསར་ལོ་སར་དང་ལུགས་རྙིང་ལོ་སར་སྐབས་ཀྱི་འབྲེལ་ཡོད་བྱ་བ་བཟང་བོར་བསྒྲུབ་པའི་སྐོར་གྱི་བརྡ་ཐོ་འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-12-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གཉིས་ཀྱིས་ཉིས་སྟོང་བཅུ་དགུ་ལོའི་ལུགས་གསར་ལོ་སར་དང་ལུགས་རྙིང་ལོ་སར་སྐབས་ཀྱི་འབྲེལ་ཡོད་བྱ་བ་བཟང་བོར་བསྒྲུབ་པའི་སྐོར་གྱི་བརྡ་ཐོ་འགྲེམ་སྤེལ་བྱས།

བརྡ་ཐོ་ལས་བསྟན་དོན། ཉིང་སྟོང་བཅུ་དགུ་ལོ་ནི་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པའི་ལོ་ཡིན་པས། ལུགས་གསར་ལོ་སར་དང་ལུགས་རྙིང་ལོ་སར་སྐབས་ཀྱི་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་རྒྱུ་ཧ་ཅང་གལ་ཆེ། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་དཀའ་ཁག་ཆེ་བའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་སེམས་ཁུར་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་པ་དང་དུས་ཆེན་སྐབས་ཀྱི་ཚོང་རའི་མཁོ་འདོན་འཁོར་རྒྱུག་ལ་འགན་སྲུང་བྱས་ཏེ། མི་དམངས་མང་ཚོགས་ཀྱི་བསམ་བློ་རིག་གནས་འཚོ་བ་ཕུན་སུམ་ཚོགས་པར་གཏོང་བ་དང་། མང་ཚོགས་ཀྱི་ཕྱི་འགྲོ་བདེ་འཇགས་སྟབས་བདེ་ལ་ཁག་ཐེག་བྱེད་དགོས་ཤིང་། བདེ་འཇགས་ཐོན་སྐྱེད་འགན་འཁྲི་དངོས་འབེབས་བཟང་བོ་བྱེད་པ་དང་སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་ཡོང་བར་སྲུང་སྐྱོབ་བྱེད་པར་མ་ཟད། དངོས་གཉེར་གྲོན་ཆུང་དང་དཔལ་ཡོན་ལྡན་པའི་སྒོ་ནས་དུས་ཆེན་ལ་རོལ་ཞིང་སྲོལ་བཟང་རྒྱུན་འཁྱོངས་ལྷོད་མེད་བྱེད་པ་དང་ནན་ཏན་སྒོས་ལས་གནས་བརྟན་སྲུང་དང་འཕྲལ་སྒྲུབ་བྱ་བ་བཟང་བོར་བསྒྲུབ་དགོས། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་སྤྲོ་སྐྱིད་དང་འཆམ་མཐུན། བདེ་འཇགས་བཅས་ཀྱི་དུས་ཆེན་ཞིག་རོལ་བར་འགན་སྲུང་བྱེད་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།