ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་མཇར་མན་གྱི་ཙུང་ལི་མའོ་ཁི་ཨར་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-12-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

   ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ས་དེའི་ཟླ་བཅུ་གཉིས་པའི་ཚེས་གཅིག་ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པུའུ་དབྱི་ནོ་སི་ཨེ་ལེ་སི་ནས་མཇར་མན་གྱི་ཙུང་ལི་མའོ་ཁི་ཨར་ལ་མཇལ་འཕྲད་གནང་།

 ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་འཇར་མན་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་ཀྱི་གནས་བབ་བཟང་བོར་སླེབས་ཡོད་པ་དང་ཕྱོགས་གཉིས་ཀྱི་མཐོ་རིམ་བར་གྱི་འགྲོ་འོང་ཇེ་དམ་ལ་འགྲོ་བཞིན་ཡོད། ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོ་ཡིན་པའི་ཆ་ནས་རྒྱལ་ཁབ་གཉིས་ཀྱིས་ཕྱོགས་མང་སྒྲིག་གཞི་དང་རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་མཉམ་ལས་ཇེ་དམ་ནས་ཇེ་དམ་ལ་གཏོང་བཞིན་ཡོད། ང་ཚོས་མུ་མཐུད་དུ་འཇར་མན་ཕྱོགས་དང་མཉམ་ལས་དམ་པོ་བྱས་ཏེ། ཕྱོགས་མང་རིང་ལུགས་དང་སྒོ་འབྱེད་རང་བཞིན་གྱི་འཛམ་གླིང་དཔལ་འབྱོར་ལ་མཉམ་དུ་སྲུང་སྐྱོབ་བྱས་ནས། འཛམ་གླིང་གི་ཞི་བདེ་གཏན་འཇགས་དང་འཕེལ་རྒྱས་ལ་ཡར་སྐུལ་གཏོང་བར་འབད་བརྩོན་བྱེད་འདོད་ཡོད་ཟེར། 

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་འཇར་མན་གཉིས་ཀྱིས་ངེས་པར་དུ་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་པ་རྒྱུན་འཁྱོངས་བྱེད་དགོས། ཀྲུང་གོས་བློ་བརྟན་འགྱུར་མེད་ངང་སྒོ་འབྱེད་རྒྱ་སྐྱེད་པ་དང་ད་ལོར་འཕྲོ་རིམ་འཕྲོར་ཁྲོམ་རའི་སྒོ་འབྱེད་ཀྱི་བྱེད་ཐབས་རབ་དང་རིམ་པ་ཁྱབ་བསྒྲགས་བྱས་ཡོད། བདག་གིས་འཇར་མན་ཕྱོགས་ཀྱི་ཁེ་ལས་མི་ཉུང་བ་ཞིག་རང་སོ་སོའི་ཁྱབ་ཁོངས་ཀྱི་སྒོ་འབྱེད་ཀྱི་སྲིད་ཇུས་གསར་བའི་ཐོག་མའི་ཁེ་ཕན་ཐོབ་མཁན་དུ་གྱུར་ཡོད་པ་ཚོར་ཡོད་ལ། ཕྱོགས་གཉིས་ཀྱིས་རང་སོ་སོའི་ཁྱད་སྟོབས་འདོན་སྤེལ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་དེ་སྤུས་ཚད་ཆེས་ལེགས་པ་དང་རིམ་པ་ཆེས་མཐོ་བ། ཆུ་ཚད་ཆེས་བཟང་བ་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་ཡོད་ཟེར། 

མའོ་ཁི་ཨར་གྱིས་བསྟན་དོན། འཇར་མན་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་སུ་སོང་བ་སྔར་ལས་བཟང་བ་དང་རྒྱལ་ཁབ་གཉིས་ཀྱིས་མཐོ་རིམ་འགྲོ་འོང་རྒྱུན་འཁྱོངས་བྱས་ཏེ། ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་བདེ་བླག་ངང་སྤེལ་བཞིན་ཡོད་པར་མ་ཟད། འཇར་མན་གྱི་ཁེ་ལས་དངོས་སུ་ཀྲུང་གོའི་སྒོ་འབྱེད་སྲིད་ཇུས་ཀྱི་ཁེ་ཕན་ཐོབ་མཁན་དུ་གྱུར་ཡོད་པར་དགའ་སྤྲོ་ཚད་མེད་སྐྱེས་ཡོད་ཟེར། 

ཏེན་ཞུའེ་ཞང་དང་དབྱང་ཅེ་ཁྲི། ཝང་དབྱི། ཧི་ལིས་ཧྥེང་སོགས་གོང་གི་བྱ་འགུལ་ལ་ཞུགས།།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།