ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལེ་སི་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-12-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20181202094902bwO6.jpg

ས་དེའི་ཟླ་བཅུ་གཅིག་པའི་ཚེས་སུམ་ཅུ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པུའུ་དབྱི་ནོ་སི་ཨེ་ལེ་སི་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལེ་སི་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་དེའི་ཟླ་བཅུ་གཅིག་པའི་ཚེས་སུམ་ཅུ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པུའུ་དབྱི་ནོ་སི་ཨེ་ལེ་སི་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལེ་སི་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དུས་ནམ་ཡང་ཕྱོགས་མང་རིང་ལུགས་ནི་རྒྱལ་ཁབ་སོ་སོའི་མི་དམངས་ཀྱི་ཁེ་ཕན་དང་མཐུན་པའི་བགྲོད་ལམ་ཡིན་པར་ཡིད་ཆེས་ཡོད། རྒྱལ་ཁབ་སོ་སོར་ཕྱོགས་མང་མཉམ་ལས་ལ་ཤུགས་སྣོན་པ་མ་གཏོགས། དེ་ལས་བཟང་བའི་གདམ་ག་མེད། ངས་མིའི་རིགས་ཀྱི་ལས་སྐལ་གཅིག་འབྲེལ་ཐུན་མོང་ཚོགས་པ་འཛུགས་པ་དང་། རྒྱུན་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པའི་གྲོས་གཞི་བཏོན་པ་དེ་ཡང་འཛམ་གླིང་གི་རྒྱལ་ཁབ་སོ་སོས་ཁེ་ཕན་མི་འདྲ་བ་དང་རེ་འདོད་མི་འདྲ་བའི་ཁྲོད་ནས་མཉམ་གྲོས་མཉམ་སྤྱོད་དང་མཉམ་ལས་མཉམ་རྒྱལ་ཇི་ལྟར་མངོན་འགྱུར་བྱེད་པར་དམིགས་པ་ཡིན། གནས་བབ་ལ་ཇི་ལྟར་འགྱུར་ལྡོག་བྱུང་ན་ཡང་། ཀྲུང་གོས་ཕྱོགས་མང་རིགས་ལུགས་རྒྱུན་འཁྱོངས་བྱེད་པ་དང་མཉམ་ལས་རྒྱལ་ཚོགས་ཀྱིས་ནུས་པ་སྔར་ལས་ཆེན་པོ་འདོན་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་བར་གྱི་མཉམ་ལས་ལ་ཤུགས་སྣོན་པ་ནི་ཀྲུང་གོའི་ཕྱི་འབྲེལ་གྱི་དུས་རྒྱུན་གྱི་དམིགས་བསལ་ཁ་ཕྱོགས་ཡིན། ཀྲུང་གོ་ཟླ་རྗེས་མར་ཕོ་ལན་ནས་བསྡུ་རྒྱུ་ཡིན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནམ་ཟླའི་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས་བཀོད་པའི་རྒྱལ་ཁབ་ཀྱི་ཚོགས་ཆེན་ལ་ཞུགས་ནས། ཚོགས་ཆེན་སྟེང་ཕྱོགས་ཡོངས་ནས་དོ་མཉམ་པའི་གྲུབ་འབྲས་ལེན་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

ཀུའུ་ཐི་ལེ་སི་ཡིས་དེང་སྐབས་ཀྱི་གནས་བབ་འོག རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཕྱོསག་མང་རིང་ལུགས་ལ་སྐུལ་འདེད་བྱས་ཏེ་ཕྱོགས་མང་རིང་ལུགས་ལ་ཕན་འབྲས་འདོན་དུ་འཇུག་དགོས། དོན་དངོས་ལས་ཀྲུང་གོ་ནི་ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་བྱེད་མཁན་ཆེས་གལ་ཆེན་ཡིན་པ་ར་སྤྲོད་བྱུང་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཀྲུང་གོས་འཛམ་གླིང་གི་ཉོ་འཚོང་ལ་སྐུལ་འདེད་གཏོང་བ་དང་། ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་འཇལ་བ། ཉིས་སྟོང་སུམ་ཅུ་ལོའི་རྒྱུན་སྲིང་འཕེལ་རྒྱས་ཀྱི་དམིགས་འབེན་མངོན་འགྱུར་བྱེད་པ་སོགས་ཕྱོགས་ནས་ནུས་པ་སྔར་ལས་ཆེན་པོ་འདོན་པར་རེ་སྒུག་བྱས་ཡོད་ཟེར།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།