ཀྲུང་གོ་བོད་ཀྱི་དྲ་བ།

ལིག་ཧི་ཡིས་པེ་ཅིན་ནས་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཟུར་པ་ཅི་ཞིན་ཀི་ལ་ཐུག་འཕྲད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-11-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ11པའི་ཚེས10ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིག་ཧི་ཡིས་པེ་ཅིན་ནས་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཟུར་པ་ཅི་ཞིན་ཀི་ལ་ཐུག་འཕྲད་བྱས།

ལིག་ཧི་ཡིས་བཤད་རྒྱུར། ཅི་ཞིན་ཀི་ཡིས་དུས་ཡུན་རིང་བོར་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བའི་འཕེལ་རྒྱས་ཐད་ལ་ལོ་རྒྱུས་རང་བཞིན་གྱི་བྱས་རྗེས་བཞག ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་ཁྱོན་ཡོངས་ནས་བརྟན་འཇགས་ཡོང་བར་སྲུང་སྐྱོབ་བྱེད་པ་དེ་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས། ཐ་ན་འཛམ་གླིང་ཡོངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན། ཀྲུང་གོ་དང་ཨ་མེ་རི་ཁ་ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་བཏོན་པའི་ཐུན་མོང་གི་ལྟ་ཚུལ་ལྟར། ཕན་ཚུན་ལ་བརྩི་འཇོག་དང་འདྲ་མཉམ་གཉིས་ཕན་གྱི་རྩ་དོན་གཞིར་བཟུང་སྟེ་དཔལ་འབྱོར་ཉོ་འཚོང་སོགས་ཁྱབ་ཁོངས་སུ་བྱུང་བའི་གནད་དོན་འོས་འཚམ་སྒོས་ཐག་གཅོད་དགོས་ཟེར།

ཅི་ཞིན་ཀི་ཡིས་བཤད་རྒྱུར། ཨ་མེ་རི་ཁ་དང་ཀྲུང་གོའི་འབྲེལ་བ་ཧ་ཅང་གལ་ཆེ་ཞིང་དེ་འཛམ་གླིང་གི་ཞི་བདེ་དང་དར་རྒྱས་ལ་འབྲེལ་བ་ཡོད། དེང་སྐབས་ཀྱི་གནས་བབ་འོག་ཏུ་ཕྱོགས་གཉིས་ཀྱིས་འབྲེལ་འདྲིས་དང་གྲོས་མོལ་ལ་ཤུགས་སྣོན་པ་དང་ཕན་ཚུན་བར་གྱི་རྒྱུས་ལོན་ཇེ་ཟབ་ཏུ་གཏོང་བ་དང་། ཕན་ནུས་ལྡན་པའི་སྒོ་ནས་འགལ་བ་སྣ་ཚོགས་ལ་དོ་དམ་དང་ཚོད་འཛིན་བྱས་ནས། ཨ་མེ་རི་ཁ་དང་ཀྲུང་གོའི་འབྲེལ་བ་ཡུན་རིང་བརྟན་འཇགས་དང་འཕེལ་རྒྱས་སུ་འགྲོ་བ་མངོན་འགྱུར་བྱེད་དགོས་ཟེར།


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།