ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་སྲིད་གྲོས་ཀྱིས་པེ་ཅིན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་བྱ་བར་ཤུགས་སྣོན་དང་ལེགས་སྒྱུར་བྱེད་པའི་སྐོར་གྱི་བསམ་བློ་རིགས་གཞུང་བགྲོ་གླེང་ཚོགས་འདུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-10-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་དགུ་བའི་ཚེས་ཉེར་དགུ་དང་ཚེས་སུམ་ཅུ་ཉིན་གཉིས་ལ། རྒྱལ་ཡོངས་སྲིད་གྲོས་ཀྱིས་པེ་ཅིན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་བྱ་བར་ཤུགས་སྣོན་དང་ལེགས་སྒྱུར་བྱེད་པའི་སྐོར་གྱི་བསམ་བློ་རིགས་གཞུང་བགྲོ་གླེང་ཚོགས་འདུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གྲོས་ཚོགས་ལ་ཞུསག་པར་མ་ཟད་གསུང་བཤད།

ཝང་དབྱང་གིས་བསྟན་དོན། རིམ་པ་སོ་སོའི་སྲིད་གྲོས་ཀྱིས་རིགས་གཞུང་སློབ་སྦྱོང་བགྲོ་གླེང་གོ་སྐབས་སུ་བཟུང་སྟེ་སྲིད་གྲོས་བྱ་བའི་ཞན་ཆ་དང་མི་འདང་ས་རྩད་གཅོད་ཞིབ་མོ་བྱས་ནས་ཤུགས་སྣོན་དང་ལེགས་སྒྱུར་ཐད་ལ་ཤུགས་བསྐྱེད་དགོས། སྲིད་གྲོས་ཁོངས་གཏོགས་ཀྱི་ཏང་གི་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་ཤུགས་བསྣན་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཇི་མ་ཇི་བཞིན་དུ་སྲིད་གྲོས་བྱ་བའི་ཁྲོད་དུ་དངོས་འབེབས་བྱེད་རྒྱུ་འགན་སྲུང་བྱེད་དགོས། དཀྱིལ་སྙིང་ལས་འགན་གཅིག་སྡུད་བྱས་ཏེ་འགན་འཁྲི་ལག་བསྟར་བྱེད་པ་དང་ཏང་དང་རྒྱལ་ཁབ་ཀྱི་ཁྱོན་ཡོངས་ལ་ཞབས་ཕྱི་བསྒྲུབ་པ་དང་ལེན་བྱས་ནས། བློ་འདོན་ཇུས་འབུལ་གྱི་སྤུས་ཚད་ཇེ་མཐོར་གཏོང་བ་དང་འགན་འཁྲི་ལག་བསྟར་ཕན་འབྲས་ཇེ་མང་དུ་གཏོང་དགོས། སྲིད་གྲོས་རང་སྟེང་གི་འཛུགས་སྐྲུན་ལ་ཤུགས་སྣོན་ཞིང་ཨུ་ཡོན་དང་ལས་བྱེད་པའི་སློབ་གསོ་གསོ་སྐྱོང་བྱ་བ་དམ་འཛིན་བྱེད་པ་དང་། ཆེད་དོན་ཨུ་ཡོན་ལྷན་ཁང་གི་རྨང་གཞི་རང་བཞིན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་སྲིད་གྲོས་ཀྱི་འགན་འཁྲི་ལག་བསྟར་རྨང་གཞི་སྲ་བརྟན་དུ་གཏོང་དགོས། ས་གནས་སྲིད་གྲོས་བྱ་བའི་མཛུབ་སྟོན་ལ་ཤུགས་སྣོན་ཞིང་ཁ་ཕྱོགས་གསལ་བོར་ཤེས་པར་བྱེད་པ་དང་དཔེ་སྟོན་གྱི་ནུས་པ་འདོན་པ། དཀའ་གནད་ཁྱད་སེལ་བྱས་ནས། སྲིད་གྲོས་བྱ་བའི་སྤྱིའི་ཆུ་ཚད་ཇེ་མཐོར་གཏོང་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།