ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས2018ལོའི་དབྱར་ཁའི་ཏ་ཝོ་སི་གླེང་སྟེགས་ལ་ཞུགས་པའི་ལས་རིགས་སོ་སོའི་འཐུས་མི་དང་མཉམ་དུ་གྲོས་མོལ་ཚོགས་འདུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20180921093801yL77.jpg

ཟླ9པའི་ཚེས20ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཐེན་ཅིན་གྲོང་ཁྱེར་མཱེ་ཅང་འགྲེམ་སྟོན་ལྟེ་གནས་ནས་ཉིས་སྟོང་བཅོ་བརྒྱད་ལོའི་དབྱར་ཁའི་ཏ་ཝོ་སི་གླེང་སྟེགས་ལ་ཞུགས་པའི་བཟོ་ཚོང་དང་དངུལ་རྩ། རིག་མཛོད། སྨྱན་བྱད་སོགས་ལས་རིགས་ཀྱི་འཐུས་མི་དང་མཉམ་དུ་གྲོས་མོལ་ཚོགས་འདུ་བསྡུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་ཉི་ཤུ་ཉིན་གྱི་སྔ་དྲོར་ཐེན་ཅིན་གྲོང་ཁྱེར་མཱེ་ཅང་འགྲེམ་སྟོན་ལྟེ་གནས་ནས་ཉིས་སྟོང་བཅོ་བརྒྱད་ལོའི་དབྱར་ཁའི་ཏ་ཝོ་སི་གླེང་སྟེགས་ལ་ཞུགས་པའི་བཟོ་ཚོང་དང་དངུལ་རྩ། རིག་མཛོད། སྨྱན་བྱད་སོགས་ལས་རིགས་ཀྱི་འཐུས་མི་དང་མཉམ་དུ་གྲོས་མོལ་ཚོགས་འདུ་བསྡུས།

ལིས་ཁི་ཆང་གིས་ཀྲུང་གོའི་དངུལ་རྩ་སྒོ་འབྱེད་དང་ཤེས་བྱའི་ཐོན་དབང་སྲུང་སྐྱོབ། ཁྲལ་འཕྲི་རིན་གཅོག གསར་གཏོད་ལས་སྐྲུན། འཛམ་གླིང་ཉོ་འཚོང་སྒྲིག་སྲོལ་བཅོས་སྒྱུར་སོགས་གནད་དོན་ཐད་ནས་དྲི་བར་ལན་བཏབ། འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ཀྲུའུ་ཞི་ཧྲི་ཝ་པུའུ་ཡིས་གྲོས་མོལ་ཚོགས་འདུར་འགོ་འཛིན་བྱས། ཀྲུང་གོ་དང་ཨ་མེ་རི་ཁ། ཡོ་རོབ་གླིང་། འཇར་པན་སོགས་རྒྱལ་ཁབ་དང་ས་ཁུལ་གྱི་འཐུས་མི་ཉིས་བརྒྱ་ལྷག་ཚོགས་འདུར་ཞུགས།

ཀྲུང་གོའི་དངུལ་རྩ་སྒོ་འབྱེད་ཐད་ནས་ལིས་ཁི་ཆང་གིས་བསྟན་དོན། རྒྱལ་ཁབ་ཅིག་གི་དངུལ་རྩའི་ལས་རིགས་ཀྱི་སྒོ་འབྱེད་ཚད་གཞི་དེ་རྒྱལ་ཁབ་དེའི་འཕེལ་རྒྱས་དུས་རིམ་དང་། དཔལ་འབྱོར་ཆུ་ཚད། ལྟ་སྐུལ་དོ་དམ་ནུས་པ་བཅས་དང་དམ་དུ་འབྲེལ་ཡོད། ང་ཚོས་དངུལ་རྩའི་གཏན་འཇགས་སྲུང་འཛིན་བྱེད་པ་དང་མཉམ་དུ། ཆོད་སེམས་ཆེན་པོས་དངུལ་རྩ་ཞབས་ཞུའི་ལས་རིགས་སྔར་ལས་སྒོ་འབྱེད་བྱེད་བཞིན་ཡོད་ཟེར།

ཁྲལ་འཕྲི་རིན་གཅོག་གི་ཐད་ནས་ལིས་ཁི་ཆང་གིས་གསུངས་རྒྱུར། ན་ནིང་གི་ལོ་སྨད་ནས་ད་ལོའི་ལོ་སྟོད་བར་དུ། ཀྲུང་གོའི་ཁྲལ་བསྡུ་ཚད་ངེས་ཅན་ཞིག་འཕུར་བ་དང་འདི་ནི་ཀྲུང་གོའི་དཔལ་འབྱོར་གཏན་འཇགས་ངང་གོང་དུ་འཕེལ་བའི་མཚོན་རྟགས་ཡིན། རྗེས་ཕྱོགས་ང་ཚོས་སྔར་ལས་གཞི་ཁྱོན་ཆེ་བའི་ཁྲལ་འཕྲི་དང་། སྔར་ལས་མངོན་གསལ་གྱི་རིན་གཅོག་ལག་བསྟར་བྱས་ཏེ་ཁེ་ལས་ཀྱི་ཁུར་བོ་ཇེ་ཡང་དུ་གཏོང་རྒྱུ་ཡིན་ལ། མི་སྒེར་གྱི་ཐོབ་ཁྲལ་ཇེ་ཉུང་དུ་བཏང་ནས་སྡོད་དམངས་ཀྱི་འཛད་སྤྱོད་ནུས་པ་ཇེ་ཆེར་གཏོང་རྒྱུ་ཡིན་ཟེར།

ཐོན་ལས་གསར་གཏོད་དང་ཤེས་བྱའི་ཐོན་དབང་སྲུང་སྐྱོབ་ཀྱི་ཐད་ནས་ལིས་ཁི་ཆང་གིས་བསྟན་དོན། ང་ཚོས་གཏོང་སྡོམ་ཞབས་གསུམ་གྱི་བྱེད་ཐབས་རབ་དང་རིམ་པ་སྤྱོད་པའི་དམིགས་ཡུལ་ནི་མི་རེ་རེར་འདྲ་མཉམ་གྱི་གསར་གཏོད་གོ་སྐབས་ཡོད་པར་བྱས་ནས། ཁེ་ལས་ཆེན་པོས་རང་གི་གསར་གཏོད་བར་སྟོང་ཇེ་ཆེར་གཏོང་བར་སྐུལ་མ་གཏོང་རྒྱུ་དེ་ཡིན། གསར་གཏོད་རང་བཞིན་གྱི་དཔལ་འབྱོར་གོང་དུ་སྤེལ་དགོས་ན་ཤེས་བྱའི་ཐོན་དབང་ནི་རྨང་གཞི་ཡིན་པས། ཀྲུང་གོས་ཤེས་བྱའི་ཐོན་དབང་གི་སྲུང་སྐྱོབ་ཤུགས་ཚད་དང་གཞན་གྱི་དབང་ཆར་གནོད་སྐྱེལ་བར་ཁྲིམས་ཆད་གཅོད་པའི་ཤུགས་ཚད་མུ་མཐུད་དུ་ཇེ་ཆེར་གཏོང་རྒྱུ་ཡིན་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།