ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་གྱིས་འགོ་འཛིན་མཛད་དེ་མཁའ་དབུགས་བཙོག་བཟོ་འགོག་བཅོས་ཆེད་དོན་བྱ་བའི་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-08-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ8པའི་ཚེས29ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་འགོ་འཛིན་མཛད་དེ་མཁའ་དབུགས་བཙོག་བཟོ་འགོག་བཅོས་ཆེད་དོན་བྱ་བའི་གྲོས་ཚོགས་བསྡུས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཨ་སྔོན་སྲུང་སྐྱོབ་བྱས་ཏེ་གྲུབ་འབྲས་བཟང་བོ་ལེན་པའི་སྐོར་གྱི་ཐབས་ཇུས་དང་བཀོད་སྒྲིག་ལག་བསྟར་དང་དངོས་འབེབས་བྱས་པ་དང་། འབྲེལ་ཡོད་ཡིག་ཆ་ལ་གྲོས་ཞིབ་བྱས་ཏེ་པེ་ཅིན་དང་ཐེན་ཅིན། ཧི་པེ། དེ་མིན་མཐའ་འཁོར་གྱི་ས་ཁུལ་དང་ཧྥུན་ཝེ་ཐང་ཆེན་བཅས་ཀྱི་མཁའ་དབུགས་བཙོག་བཟོ་འགོག་བཅོས་བྱ་བར་བཀོད་སྒྲིག་བྱས།

ཧན་ཀྲིན་གྱིས་བསྟན་དོན། བཙོག་བཟོ་འགོག་བཅོས་མཁྲེགས་གཏོར་འཐབ་ཇུས་ལག་བསྟར་བཟང་བོ་བྱེད་པའི་ནང་དོན་གཙོ་བོ་ནི་ཨ་སྔོན་སྲུང་སྐྱོབ་བྱས་ཏེ་གྲུབ་འབྲས་ཆེན་པོ་ལེན་རྒྱུ་དེ་ཡིན། ས་གནས་སོ་སོ་དང་འབྲེལ་ཡོད་ལས་ཁུངས་ཀྱིས་ཁྱོན་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ནས་ངོས་འཛིན་གསལ་བོ་བྱེད་པ་དང་ནམ་ཡང་གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་དགོས་ལ། མཁའ་དབུགས་ཀྱི་སྤུས་ཚད་མངོན་གསལ་སྒོས་ལེགས་བཅོས་བྱེད་པ་གཙོར་བཟུང་ནས་རྦད་ཆོད་སྒོས་ཨ་སྔོན་སྲུང་སྐྱོབ་བྱས་ནས་གྲུབ་འབྲས་བཟང་བོ་ལེན་དགོས་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།