ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་བྱང་རྒྱུད་འཐབ་ཁུལ་གྱི་མཚོ་དམག་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱིས་དམག་ཡོངས་དང་དྲག་ཆས་ཉེན་རྟོག་དམག་དཔུང་ཁྲོད་དུ་ཤན་ཤུགས་ཆེན་པོ་ཐེབས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-06-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་བཅུ་གཅིག་ཉིན་བྱང་རྒྱུད་འཐབ་ཁུལ་གྱི་མཚོ་དམག་ལ་གཟིགས་ཞིབ་མཛད་པར་མ་ཟད་གསུང་བཤད་གལ་ཆེན་གནང་བ་དེས་དམག་ཡོངས་དང་དྲག་ཆས་ཉེན་རྟོག་དམག་དཔུང་ཁྲོད་དུ་ཤན་ཤུགས་ཆེན་པོ་ཐེབས། རྒྱ་ཆེའི་དཔོན་དམག་རྣམས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་མཐའ་གཅིག་ཏུ་ལག་བསྟར་དངོས་འབེབས་བྱེད་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་ཡིད་ལ་དམ་པོར་བཅངས་པ། མཚོ་དམག་ཚུལ་སྒྱུར་འཛུགས་སྐྲུན་གྱི་བླང་བྱ་ལག་བསྟར་མཐའ་འཁྱོལ་བྱེད་པ་བཅས་བྱས་ཏེ། དུས་རབས་གསར་པའི་མང་ཚོགས་རང་བཞིན་གྱི་དམག་སྦྱོང་རྩལ་འགྲན་ཏན་ཏིག་གིས་སྤེལ་ནས། ཏང་དང་མི་དམངས་ཀྱིས་གནང་བའི་ལས་འགན་སྣ་ཚོགས་མཐའ་གཅིག་ཏུ་ཡོངས་འགྲུབ་བྱེད་རྒྱུ་ཡིན་ཞེས་བསྟན།

དུས་རྒྱུན་དུ་རྒྱ་མཚོའི་གཏིང་དུ་འབད་འཐབ་བྱེད་བཞིན་པའི་ཆུར་འཛུལ་དཔོན་དམག་ནི་ཀྲུའུ་ཞི་ཞི་ཅིན་ཕིང་གི་ནམ་ཡང་ཐུགས་ཁུར་བྱེད་ཡུལ་ཡིན། དམག་དཔུང་དུ་ཐོན་མ་ཐག ཀྲུའུ་ཞི་ཞི་ཅིན་ཕིང་ཆུ་འཛུར་གྲུ་གཟིངས་སྟེང་བུད་དེ། ཐུགས་ཁུར་ཆེན་པོས་དཔོན་དམག་རྣམས་ཀྱི་བྱ་བ་དང་འཚོ་བའི་གནས་ཚུལ་ཞིབ་འདྲི་མཛད་པས། ཆུར་འཛུལ་གྲུ་གཟིངས་སྟེང་གི་དཔོན་དམག་རྣམས་ཀྱི་བརྩོན་སེམས་སྔར་ལས་ཇེ་ཆེར་སོང་བ་དང་སྐུལ་མ་ཆེན་པོ་ཐེབས།

སྤྱི་ཁྱབ་བཀོད་འདོམས་པའི་ཐུགས་ཁུར་གྱིས་དམག་མི་རྣམས་ཀྱི་སྤོབས་སེམས་བསྐྱེད། སྒྲ་བརྟེན་ཚད་ལེན་འཕྲུལ་ཆས་ཀྱི་སྒྲ་ཉན་སྦྱོང་བརྡར་ཁང་ནས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཡུལ་དངས་ནས་དཔོན་དམག་རྣམས་ལ་དྲི་བ་བཏོན་པར་མ་ཟད། དཔོན་དམག་རྣམས་ཀྱིས་ལན་ཡང་དག་བཏབ་པར་གཟེངས་བསྟོད་གནང་།

དཔོན་དམག་རྣམས་ཀྱིས་འཐབ་གནས་སྟེང་རྐང་འཛུགས་པ་དང་དཀའ་སྤྱད་ཀྱིས་དམག་སྦྱོང་བྱེད་པ་མཐོང་བས་ཀྲུའུ་ཞི་ཞི་ཅིན་ཕིང་ཐུགས་ཤིན་ཏུ་དགྱེས་པར་གྱུར་ལ། ཁོང་གིས་དཔོན་དམག་རྣམས་ཀྱིས་ཕུགས་བསམཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་སྟོབས་ལྡན་གྱི་ཐུན་མོང་འཛུགས་སྐྲུན་བྱས་ཏེ། ནུས་རྩལ་ཁྱད་དུ་འཕགས་པར་འཛོམས་པར་བྱེད་དགོས་པའི་སྐུལ་མ་གནང་།

ཉིན་འདི་གཉིས་ལ། སྦྱོང་བརྡར་གྱི་ཡུལ་དངོས་ནས་གངས་ལྗོངས་མཐོ་སྒང་བར་དུ། དམག་ཡོངས་དང་དྲག་ཆས་ཉེན་རྟོག་དམག་དཔུང་གི་དཔོན་དམག་གིས་བརྙན་འཕྲིན་དང་དྲ་རྒྱ་སོགས་བརྒྱུད་དེ་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་ལྟ་ཉན་བྱས་པར་མ་ཟད། སློབ་སྦྱོང་དང་གྲོས་སྡུར་བྱས་ཏེ། སློབ་སྦྱོང་ལས་བྱུང་བའི་བརྩོན་སེམས་དེ་དམག་སྦྱོང་བྱེད་པ་དང་དམག་འཁྲུག་ལ་གྲ་སྒྲིག་བྱེད་པའི་སྟོབས་ཤུགས་ཆེན་པོར་བསྒྱུར་རྒྱུའི་ཆོད་སེམས་བསྟན།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།