ཀྲུང་གོ་བོད་ཀྱི་དྲ་བ།

ཀྲའོ་ལི་ཅི་ཧེ་ལུང་ཅང་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

7.jpg

ཟླ་གསུམ་པའི་ཚེས་ལྔ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲའོ་ལི་ཅི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་ཧེ་ལུང་ཅང་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ཁྲོད་ཞུགས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲའོ་ལི་ཅི་ཚེས་ལྔ་ཉིན་གྱི་ཕྱི་དྲོར་ཁོ་ཡོད་སའི་ཧེ་ལུང་ཅང་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས། འཐུས་མི་རྣམས་ཀྱི་གཏམ་བཤད་ལ་ཞིབ་མོར་ཉན་རྗེས། ཀྲའོ་ལི་ཅི་ཡིས་བཤད་རྒྱུར། ཙུང་ལི་ལིས་ཁི་ཆང་གིས་ཕུལ་བའི་སྲིད་གཞུང་བྱ་བའི་སྙན་ཞུ་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱས་པ་དང་། གྲུབ་འབྲས་ལ་སྤྱི་སྡོམ་བྱས་པ་དོན་དངོས་དང་མཐུན་ཞིང་། དམིགས་འབེན་གཏན་འཁེལ་བྱས་པ་ལག་ལེན་དུ་བསྟར་ཐུབ་པས། སེམས་ཤུགས་གཅིག་སྒྲིལ་དང་མི་སེམས་ཡར་སྐུལ་བྱེད་པའི་སྙན་ཞུ་བཟང་བོ་ཞིག་རེད་ཟེར།

ཀྲའོ་ལི་ཅི་ཡིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་རླབས་ཆེན་འཐབ་རྩོད་དང་རླབས་ཆེན་བཟོ་སྐྲུན། རླབས་ཆེན་བྱ་གཞག རླབས་ཆེན་ཕུགས་འདུན་བཅས་ལ་གཅིག་འདོམས་བྱས་ཤིང་། ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་དཀའ་སྤྱད་མདུན་སྐྱོད་དང་གསར་གཏོད་ཡར་བརྩོན་བྱས་ནས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཐད་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས་པར་མ་ཟད། ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ཟེར།

ཀྲའོ་ལི་ཅི་ཡིས་བཤད་རྒྱུར། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དཔལ་འབྱོར་དགོངས་པའི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དངོས་འབེབས་བྱེད་པ་ཡིན་ལ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བས་སྣེ་ཁྲིད་བྱས་ཏེ་དེང་རབས་ཅན་གྱི་དགོས་མཁོ་དང་མཐུན་པའི་ཐོན་ལས་མ་ལག་དང་ཁྲོམ་རའི་མ་ལག ཡོང་སྒོ་བགོ་བཤའ་མ་ལག མཁར་ཞང་གི་ཁུལ་ཁོངས་འཕེལ་རྒྱས་མ་ལག ལྗང་མདོག་གི་འཕེལ་རྒྱས་མ་ལག ཁྱོན་ཡོངས་ཕྱིར་གཏོང་མ་ལག་དང་དཔལ་འབྱོར་ལམ་ལུགས་བཅས་འཛུགས་སྐྲུན་བྱས་ནས་བརྟན་འཇགས་ཀྱི་ཁྲོད་ནས་ཡར་རྒྱས་བརྩོན་ལེན་བྱེད་པ་དང་བརྟན་ཤུགས་སྲུང་འཛིན། གནད་འཁེལ་འཐབ་ཇུས་ལག་བསྟར་བྱེད་དགོས་ཟེར།

ཀྲའོ་ལི་ཅི་ཡིས་ནན་གྱིས་བསྟན་དོན། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པར་རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པས་སློབ་སྦྱོང་ལག་ལེན་ལ་ཤུགས་སྣོན་བྱས་ནས་ཆབ་སྲིད་བྱང་ཚད་དང་ཆེད་ལས་ནུས་པ་མཐོར་འདེགས་བྱེད་དགོས་པ་དང་། ཁྲིམས་སྐྱོང་འདུ་ཤེས་སྲ་སྒྱུར་བྱས་ནས་བཅའ་ཁྲིམས་ཁྲིམས་སྲོལ་ལྟར་བྱ་བ་བསྒྲུབ་དགོས་ལ། སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་སྒྲིག་ཁྲིམས་ལག་བསྟར་དང་འགན་འཁྲི་རྩད་གཅོད་ལ་ལྟ་སྐུལ་བྱེད་པའི་ལས་འགན་ལག་བསྟར་བྱེད་དགོས་པར་མ་ཟད། ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་ལག་བསྟར་དངོས་འབེབས་བྱས་པའི་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་པར་ཤུགས་སྣོན་དང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགན་འཁྲི་གཙོ་བོ་དངོས་འབེབས་བྱས་པའི་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་པར་ཤུགས་སྣོན་བྱས་ཏེ་ཏང་ཀྲུང་དབྱང་གི་བཀའ་ཁྱབ་ལག་བསྟར་མཐའ་འཁྱོལ་བྱེད་པ་དང་རིགས་སོ་སོའི་འཐབ་ཇུས་བཀོད་སྒྲིག་དངོས་འབེབས་དོན་འཁྱོལ་བྱེད་པར་ཁག་ཐེག་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།