ཀྲུང་གོ་བོད་ཀྱི་དྲ་བ།

ཀྲའོ་ལི་ཅི་ཡིས་ཞང་ཀང་དང་ཨོ་མིན་ས་ཁུལ་གྱི་ཨུ་ཡོན་དང་མཉམ་དུ་རྒྱལ་དོན་ལ་གྲོས་མོལ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

༢.jpg

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲའོ་ལི་ཅི་ཚེས་བཞི་ཉིན་ཞང་ཀང་དང་ཨོ་མིན་ས་ཁུལ་གྱི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་གྱི་ཚན་ཆུང་གི་མཉམ་འབྲེལ་གྲོས་ཚོགས་སུ་ཞུགས། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲའོ་ལི་ཅི་ཚེས་བཞི་ཉིན་ཞང་ཀང་དང་ཨོ་མིན་ས་ཁུལ་གྱི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་གྱི་ཚན་ཆུང་མཉམ་འབྲེལ་གྲོས་ཚོགས་སུ་ཞུགས། ཨུ་ཡོན་རྣམས་ཀྱི་གཏམ་བཤད་ལ་ཞིབ་ཏུ་ཉན་རྗེས། ཀྲའོ་ལི་ཅི་ཡིས་གསུངས་རྒྱུར། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཅིག་གི་བྱེད་ཕྱོགས་ལ་ཁྱོན་ཡངས་ནས་གོ་བ་ཡང་དག་པ་ལེན་པ་དང་ལག་ལེན་མཐར་ཕྱིན་བྱེད་དགོས་ལ། རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་ལྟར་དོན་དག་བཟང་བོར་བསྒྲུབ་སྟེ། ཀྲུང་དབྱང་གི་ཞང་ཀང་དང་ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་ལ་ཁྱོན་ཡོངས་ནས་དོ་དམ་དང་བཅོས་སྐྱོང་བྱེད་པའི་དབང་ཆ་ལ་སྲུང་སྐྱོབ་བྱེད་པ་དེ་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་ཆེས་མཐོའི་རང་སྐྱོང་དབང་ཆ་གཉིས་དང་ཟུང་འབྲེལ་བཟང་བོ་བྱས་ནས། ཞང་ཀང་དང་ཨོ་མིན་གཉིས་ཡུན་རིང་དུ་དར་རྒྱས་དང་བརྟན་འཇགས་ཡོང་བར་ཁག་ཐེག་བྱེད་དགོས་ཟེར།

ཀྲའོ་ལི་ཅི་ཡིས་ཨུ་ཡོན་རྣམ་པས་ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་སྒྲོག ལག་ལེན་མཐར་ཕྱིན་བཅས་བྱས་ནས། འགན་འཁྲི་ལག་བསྟར་ནན་མོ་བྱེད་པ་དང་། ཨུ་ཡོན་གྱི་ནུས་པ་འདོན་སྤེལ་བཟང་བོ་བྱེད་པ། རྒྱལ་གཅེས་ཀང་གཅེས་ཨོ་གཅེས་ཀྱི་སྲོལ་རྒྱུན་བཟང་བོ་རྒྱུན་འཛིན་དང་དར་སྤེལ་བྱས་ནས། ཞང་ཀང་དང་ཨོ་མིན་ཡུན་རིང་དུ་དར་རྒྱས་དང་བརྟན་འཇགས་ཡོང་བར་སྲུང་སྐྱོབ་བྱེད་པའི་ཐད་ལ་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་པའི་རེ་བ་བཏོན། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།