ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་དབུལ་སྐྱོར་ཐེབས་རྩ་ཚོགས་པའི་སྤྱི་ཕན་མཉམ་སྐྱོད་འཆར་འགོད་ལ་གྲུབ་འབྲས་མངོན་གསལ་ཐོབ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-01-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།   ཉེ་ལམ། ཀྲུང་གོ་དབུལ་སྐྱོར་ཐེབས་རྩ་ཚོགས་པས་པེ་ཅིན་ནས་སྤྱི་ཕན་མཉམ་སྐྱོད་འཆར་འགོད་མཉམ་ལས་གྲོགས་པོའི2017ལོའི་ལོ་ཚོགས་བསྡུས། ཚོགས་ཐོག་ནས་ཁྱབ་སྒྲོག་བྱས་པའི་གཞི་གྲངས་ལས2017ལོའི་ཟླ་བཅུ་གཅིག་པའི་བར་དུ་ཀྲུང་གོ་དབུལ་སྐྱོར་ཐེབས་རྩ་ཚོགས་པ་དང་སྤྱི་ཕན་མཉམ་སྐྱོད་འཆར་འགོད་ཀྱི་མཉམ་ལས་གྲོགས་པོས་བཏང་བའི་སྤྱི་ཕན་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར་གསུམ་ལྷག་ལ་བསླེབས་པར་མ་ཟད། ཞིང་སྡེའི་འཕེལ་རྒྱས་དང་། བདེ་ཐང་བདེ་སྐྱིད། སློབ་གསོ་འདྲ་མཉམ། ཁོར་ཡུག་སྲུང་སྐྱོབ་སོགས་ཁྱབ་ཁོངས་སུ་སྔ་གཞུག་ཏུ་སྤྱི་ཕན་འགུལ་སྐྱོད་སྣ་མང་སྤེལ་ཏེ། མང་ཚོགས་སྔར་ལས་མང་པོའི་འཚོ་བ་ཇེ་ལེགས་སུ་གཏོང་བར་འབད་བརྩོན་བྱས་པ་མཚོན་ཡོད།

2005ལོ་ནས་བཟུང་། ཀྲུང་གོ་དབུལ་སྐྱོར་ཐེབས་རྩ་ཚོགས་པས་སྤྱི་ཕན་ལས་རིགས་ཀྱི་རོགས་སྐྱོར་བྱ་འགུལ་སྤེལ་བ་དང་། མ་དངུལ་བསྡུ་གསོག་བྱས་ནས་སྤྱི་ཕན་རྩ་འཛུགས་གཞན་པར་རོགས་སྐྱོར་བྱས་ཏེ། སྤྱི་ཕན་ལས་རིགས་ཡོངས་འཕེལ་རྒྱས་སུ་བཏང་། ལོ་མང་པོའི་རིང་ལ་འཚོལ་ཞིབ་དང་ཉམས་མྱོང་སྤྱི་བསྡོམས་བྱས་ནས། 2013ལོར་ཀྲུང་གོ་དབུལ་སྐྱོར་ཐེབས་རྩ་ཚོགས་པས་སྤྱི་ཕན་མཉམ་སྐྱོད་འཆར་འགོད་གཏན་འཁེལ་བྱས་ཏེ། སྟོབས་ཤུགས་ཡོད་རྒུས་གསར་གཏོད་སྙིང་སྟོབས་ལྡན་པའི་སྤྱི་ཕན་གྲོགས་པོ་མཉམ་འབྲེལ་བྱས་ནས། སྤྱི་ཚོགས་གནད་དོན་གཙོ་བོར་འཛིན་པ་དང་། གྲུབ་འབྲས་ལེན་པ་དང་བསྒྱུར་བཅོས་བྱེད་པ་ཁ་ཕྱོགས་སུ་བརྩིས་ཏེ། སྤྱི་ཚོགས་གནད་དོན་སྔར་ལས་མང་པོ་ཐག་གཅོད་བྱེད་པའི་ཇུས་གཞི་འཚོལ་ཞིབ་བྱས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།