ཀྲུང་གོ་བོད་ཀྱི་དྲ་བ།

འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡིས་རྒྱལ་ཡོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་བྱ་བའི་གྲོས་ཚོགས་བསྡུས་ཏེ་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ལིས་ཁི་ཆང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-12-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་གཉིས་པའི་ཚེས་ཉེར་ལྔ་ཉིན། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡིས་རྒྱལ་ཡོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་བྱ་བའི་གྲོས་ཚོགས་བསྡུས་ཏེ། ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ལིས་ཁི་ཆང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་འབྲེལ་ཡོད་བྱ་བ་ལག་བསྟར་དང་དངོས་འབེབས་བྱེད་པར་ཞིབ་འཇུག་དང་བཀོད་སྒྲིག་བྱས། ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་བ་དེས་ཁས་ལེན་གང་ལེགས་བྱས་པ་དང་སྐུལ་མ་ཆེན་པོ་བཏང་བར་མ་ཟད་རེ་བ་སྔར་ལས་ཆེན་པོ་བཏོན་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ནན་ཏན་སྒོས་ལག་བསྟར་དང་དངོས་འབེབས་བྱས་ཏེ། འབུར་ཐོན་གནད་དོན་གཅིག་སྡུད་བྱེད་པ་དང་སྲིད་ཇུས་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། བཞི་བཟང་ཞིང་སྡེའི་གཞུང་ལམ་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་རིམ་གསར་བར་སྐྱོད་པར་སྐུལ་འདེད་གཏོང་དགོས་ཟེར།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། ཞི་ཅིན་ཕིང་གིས་ཞིང་སྡེའི་གཞུང་ལམ་འཛུགས་སྐྲུན་བྱེད་པར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་ཐེངས་མང་པོ་མཛུབ་སྟོན་གལ་ཆེན་གནང་སྟེ། ཞིང་སྡེའི་གཞུང་ལམ་འཛུགས་སྐྲུན་དང་དོ་དམ། བདག་སྐྱོང་། བདག་གཉེར་བཟང་བོ་བྱེད་དགོས་པའི་རེ་བ་བཏོན། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་སོགས་ལས་ཁུངས་དང་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ནན་ཏན་སྒོས་ལག་བསྟར་དང་དངོས་འབེབས་བྱས་ཏེ། ཏན་ཏན་ཏིག་ཏིག་སྒོས་བཞི་བཟང་ཞིང་སྡེའི་གཞུང་ལམ་འཛུགས་སྐྲུན་བྱས་པར་མ་ཟད་གྲུབ་འབྲས་མངོན་གསལ་བླངས། ལོ་ལྔའི་རིང་ལ། རྒྱལ་ཡོངས་ཀྱི་ཞིང་སྡེའི་གཞུང་ལམ་སྤྱི་ལེ་ས་ཡ་གཅིག་དང་འབུམ་གཉིས་ཁྲི་བདུན་ལྷག་འཛུགས་སྐྲུན་བྱས་པས་བརྒྱ་ཆའི་གོ་དགུ་ལྷག་གི་ཞང་གྲོང་དང་བརྒྱ་ཆའི་གོ་བརྒྱད་ལྷག་གི་སྡེ་བར་ཨར་འདམ་གྱི་ལམ་ཡོད་པར་གྱུར། དེ་བས་ཞིང་སྡེའི་གཞུང་ལམ་གནད་དོན་རྩ་བ་ནས་ཐག་བཅད་པ་དང་། འགྲིམ་འགྲུལ་དབུལ་སྐྱོར་ཆུ་ཚད་སྔར་ལས་ཇེ་མཐོར་སོང་ཞིང་ཞིང་སྡེའི་དངོས་སྐྱེལ་དྲ་རྒྱ་སྔར་ལས་འཐུས་ཚང་དུ་གྱུར་བ་དང་། རྒྱ་ཆེའི་ཞིང་བ་མང་ཚོགས་ལ་ཁེ་ཕན་ངོ་མ་བསྐྲུན།   །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།