ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་མཚམས་སྦྱོར་ཚོགས་པས་ཕེ་རུ་རྒྱལ་ཁབ་ལ་འཚམས་འདྲི་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-12-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཕེ་རུའི་མི་བཅོས་སྒྱུར་བྱེད་ཆེད་ཅེས་པའི་ཏང་གིས་གདན་དྲངས་པ་ལྟར། ཟླ་བཅུ་གཉིས་པའི་ཚེས་བཅུ་བཞི་ཉིན་ནས་ཚེས་བཅུ་དྲུག་ཉིན་བར། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའུ་ཡི་ཧྲུའུ་ཅི། ཀྲུའུ་ཞི་གཞོན་པ། ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་པོ་སུང་ཞིག་ཡན་གྱིས་ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ཕྱི་རྒྱལ་དུ་སྒྲོག་འགྲེལ་མཚམས་སྦྱོར་བྱེད་པའི་ཚོགས་པ་ཁྲིད་དེ་ཕེ་རུ་ལ་འཚམས་འདྲི་བྱས། སུང་ཞིག་ཡན་གྱིས་ཕེ་རུ་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་ཅ་ལ་ལོས་ཐ་དང་སྲིད་འཛིན་ཏང་གི་ཀྲུའུ་ཞི་པིས་ཨོ་ལེ་ཐ། ཕེ་རུ་རྒྱལ་སྤྱིའི་ཆབ་སྲིད་ཞིབ་འཇུག་ཁང་གི་ཡོན་ཀྲང་ཕ་ཆེ་ཁའོ་བཅས་ལ་སོ་སོར་ཐུག་འཕྲད་བྱས་པར་མ་ཟད་ཞི་ཅིན་ཕིང་གིས་རྒྱལ་སྐྱོང་སྲིད་འཛིན་སྐོར་གླེང་བ་ཞེས་པའི་དེབ་གཉིས་པ་ཞལ་འདེབས་སུ་ཕུལ་བ་དང་། ཕེ་རུ་རྒྱལ་སྤྱིའི་ཆབ་སྲིད་ཞིབ་འཇུག་ཁང་གིས་བསྒྲུབས་པའི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་མཚམས་སྦྱོར་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད་སྤེལ།

སུང་ཞིག་ཡན་གྱིས་ཕེ་རུའི་སྲིད་ཏང་དང་བློ་མཛོད། སྨྱན་བྱད། རིག་གནས་པ་བཅས་ལས་རིགས་ཁག་གི་འཐུས་མིར་ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་དང་གྲུབ་འབྲས་གཙོ་བོ་ཁྱོན་ཡོངས་ནས་སྒྲོག་འགྲེམ་མཚམས་སྦྱོར་བྱས་པར་མ་ཟད། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བྱུང་བའི་དུས་རབས་ཀྱི་རྒྱབ་ལྗོངས་དང་དོན་སྙིང་གལ་ཆེན། ལོ་རྒྱུས་ཀྱི་གོ་གནས། ཕུན་སུམ་ཚོགས་པའི་ནང་དོན་བཅས་གཙོ་བོར་བཟུང་སྟེ་རྒྱས་བཤད་བྱས་པ་དང་། འདས་པའི་ལོ་ལྔའི་རིང་གི་ཀྲུང་གོའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར། ཀྲུང་གོའི་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོའི་འགྱུར་ལྡོག ཀྲུང་གོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་བགྲོད་ལམ་གསར་བ་གསར་གཏོད་བྱེད་པ། ཀྲུང་གོ་གུང་ཁྲན་ཏང་གིས་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་ལ་སྐུལ་འདེད་གཏོང་བ། ཁྱད་པར་དུ་མིའི་རིགས་ཀྱི་ལས་དབང་ཐུན་མོང་ཚོགས་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་སོགས་ཐད་ཀྱི་ནང་དོན་མཚམས་སྦྱོར་བྱས་པར་མ་ཟད། ཕེ་རུ་ཕྱོགས་ཀྱིས་སེམས་ཁུར་བྱེད་པའི་གནད་དོན་ཐད་ལ་ལན་བཏབ།

ཕེ་རུ་ཕྱོགས་ཀྱིས་བཤད་རྒྱུར། ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་དེ་ཀྲུང་གོའི་ཏང་དང་རྒྱལ་ཁབ་ལ་དོན་སྙིང་གལ་ཆེན་ལྡན་པར་མ་ཟད། འཛམ་གླིང་སྟེང་དུའང་དོན་སྙིང་གལ་ཆེན་ལྡན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་གྱི་ཕན་འབྲས་ལྡན་པའི་ལག་ལེན་ལས་ལ་ཏིན་མེས་གླིང་གི་རྒྱལ་ཁབ་སོ་སོར་ཕན་འབྲས་ལྡན་པའི་གཞིར་འཛིན་ས་འདོན་སྤྲོད་བྱས་པས། ཀྲུང་གོའི་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱི་འབྲེལ་ཡོད་རྒྱལ་སྤྱིའི་མཉམ་ལས་ཁྲོད་ཧུར་ཐག་སྒོས་ཞུགས་པར་རེ་སྒུག་བྱས་ཡོད། ཕེ་རུ་ཕྱོགས་ཀྱིས་ཕྱོགས་གཉིས་ཀྱི་ཏང་བར་གྱི་འགྲོ་འོང་སྔར་ལས་ཇེ་དམ་དུ་གཏོང་བ་དང་། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ལ་ཤུགས་སྣོན་པ། ཕེ་རུ་དང་ཀྲུང་གོ་གཉིས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་གྲུབ་འབྲས་སྔར་ལས་ཆེན་པོ་ཐོབ་པར་སྐུལ་འདེད་གཏོང་བར་རེ་བ་བྱེད་ཀྱིན་ཡོད་ཟེར།

སུང་ཞིག་ཡན་གྱིས་ད་རུང་ཕེ་རུ་ལ་སྡོད་པའི་ཀྲུང་གོ་གཞུང་ཚབ་ཁང་དུ་གཞུང་ཚབ་ཁང་གི་ལས་བྱེད་མི་སྣ་ཡོངས་དང་ཕེ་རུ་ལ་ཡོད་པའི་ཀྲུང་གོའི་དངུལ་གཏོང་ལས་ཁུངས་ཀྱི་འཐུས་མི་རྣམས་ལ་ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་མཚམས་སྦྱོར་སྙན་ཞུ་ཕུལ།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།