ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས2013ལོ་ནས2022ལོའི་བར་གྱི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དབང་བོ་སྐྱོན་ཅན་གྱི་ལོ་བཅུའི་དུས་དཀྱིལ་གྱི་ཞིབ་བཤེར་མཐོ་རིམ་སྲིད་གཞུང་བར་གྱི་གྲོས་ཚོགས་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-12-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་བཅུ་གཅིག་པའི་ཚེས་ཉེར་བདུན་ཉིན་ནས་ཟླ་བཅུ་གཉིས་པའི་ཚེས་གཅིག་ཉིན་བར། 2013ལོ་ནས2022ལོའི་བར་གྱི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དབང་བོ་སྐྱོན་ཅན་གྱི་ལོ་བཅུའི་དུས་དཀྱིལ་གྱི་ཞིབ་བཤེར་མཐོ་རིམ་སྲིད་གཞུང་བར་གྱི་གྲོས་ཚོགས་པེ་ཅིན་ནས་བསྡུས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར་ཏེ། གྲོས་ཚོགས་བསྡུས་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་ནང་བཤད་རྒྱུར། དབང་བོ་སྐྱོན་ཅན་ནི་མིའི་རིགས་ཀྱི་ཁྱིམ་ཚང་ཆེན་པོའི་ནང་གི་འདྲ་མཉམ་གྱི་ཁོངས་མི་ཡིན། འཛམ་གླིང་ཡོངས་སུ་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་གཏོང་བ་དང་། གཅིག་ཀྱང་ཆད་མི་སྲིད་པའི་དམིགས་འབེན་མངོན་འགྱུར་བྱེད་པ། དབང་བོ་སྐྱོན་ཅན་ལ་སྔར་ལས་སེམས་ཁུར་དང་སྔར་ལས་མཐོང་ཆེན་བྱེད་དགོས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་བོ་སྐྱོན་ཅན་གྱི་ཁེ་དབང་སྤྱི་ཆིངས་དང2030ལོའི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་ལག་བསྟར་བྱས་པ་དང་བསྟུན་ནས། དབང་བོ་སྐྱོན་ཅན་གྱི་འདྲ་མཉམ་ཁེ་དབང་ལ་འགན་སྲུང་བྱེད་པ་དང་། དབང་བོ་སྐྱོན་ཅན་འཆམ་མཐུན་སྒོས་འཕེལ་རྒྱས་སུ་གཏོང་བ་དེ་རྒྱལ་སྤྱིའི་སྤྱི་ཚོགས་དང་རྒྱལ་ཁབ་སོ་སོའི་ཁྱབ་ཆེ་བའི་ཐུན་མོང་གི་ལྟ་བ་དང་ཐུན་མོང་གི་འགུལ་སྐྱོད་དུ་གྱུར། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དབང་བོ་སྐྱོན་ཅན་གྱི་ལོ་བཅུ་ཞེས་པ་དེ་ནི་ཀྲུང་གོས་ཐོག་མར་གྲོས་གཞི་བཏོན་པ་དང་། པེ་ཅིན་ནས་དར་སྤེལ་བྱས་པ་ཡིན་ལ། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་རྒྱལ་ཁབ་དང་ས་ཁུལ་གྱིས་དབང་བོ་སྐྱོན་ཅན་ལས་དོན་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་ཕན་ཚུན་བར་སློབ་སྦྱོང་དང་དཔྱད་གཞིར་འཛིན་པར་ནུས་པ་གལ་ཆེན་འདོན་སྤེལ་བྱས་པས། དབང་བོ་སྐྱོན་ཅན་ལས་དོན་དེ་ས་ཁོངས་མཉམ་ལས་ཀྱི་མིག་དཔེ་ལྟ་བུར་གྱུར་ཡོད་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་གསུངས་རྒྱུར། ཀྲུང་གོས་དབང་བོ་སྐྱོན་ཅན་ལས་དོན་སྔར་ལས་འཕེལ་རྒྱས་སུ་གཏོང་རྒྱུ་དང་། དབང་བོ་སྐྱོན་ཅན་ཁྱོན་ཡོངས་ནས་འཕེལ་རྒྱས་དང་མཉམ་དུ་ཕྱུག་པོར་སྒྱུར་བར་སྐུལ་འདེད་གཏོང་རྒྱུ་ཡིན་ལ། ཀྲུང་གོས་སྔར་ལྟར་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དང་བཅས་པའི་རྒྱལ་སྤྱིའི་དབང་བོ་སྐྱོན་ཅན་ལས་དོན་མཉམ་དུ་འཕེལ་རྒྱས་སུ་གཏོང་རྒྱུ་ཡིན། ཐེངས་འདིའི་གྲོས་ཚོགས་ཀྱིས་ས་ཁུལ་རང་གི་དབང་བོ་སྐྱོན་ཅན་ལ་བདེ་སྐྱིད་སྐྲུན་པར་བྱས་རྗེས་གསར་བ་འཇོག་པར་རེ་བ་བྱེད་ཀྱིན་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།