ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱང་རྒྱལ་ཡོངས་ཟས་རིགས་བདེ་འཇགས་དཔེ་སྟོན་གྲོང་ཁྱེར་དང་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་རྫོང་གསར་སྐྲུན་བྱེད་པའི་བྱ་བའི་ཡུལ་དངོས་གྲོས་ཚོགས་སུ་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-11-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

汪洋强调.jpg

ཟླ་བཅུ་གཅིག་པའི་ཚེས་ཉེར་བརྒྱད་ཉིན་ནས་ཚེས་ཉེར་དགུ་ཉིན་བར། རྒྱལ་ཡོངས་ཟས་རིགས་བདེ་འཇགས་དཔེ་སྟོན་གྲོང་ཁྱེར་དང་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་རྫོང་གསར་སྐྲུན་བྱེད་པའི་བྱ་བའི་ཡུལ་དངོས་གྲོས་ཚོགས་པེ་ཅིན་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་ཟས་རིགས་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཝང་དབྱང་གྲོས་ཚོགས་སུ་ཞུགས་པར་མ་ཟད་གསུང་བཤད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཡོངས་ཟས་རིགས་བདེ་འཇགས་དཔེ་སྟོན་གྲོང་ཁྱེར་དང་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་རྫོང་གསར་སྐྲུན་བྱེད་པའི་བྱ་བའི་ཡུལ་དངོས་གྲོས་ཚོགས་ཚེས་ཉེར་བརྒྱད་ཉིན་ནས་ཚེས་ཉེར་དགུ་ཉིན་བར་པེ་ཅིན་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་ཟས་རིགས་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཝང་དབྱང་གྲོས་ཚོགས་སུ་ཞུགས་པར་མ་ཟད་གསུང་བཤད་གནང་། ཁོང་གིས་ནན་གྱིས་གསུངས་རྒྱུར། ཟས་རིགས་བདེ་འཇགས་ནི་མི་དམངས་མང་ཚོགས་ཀྱི་ཉིན་རེ་བཞིན་གོང་འཕེལ་དུ་འགྲོ་བཞིན་པའི་འཚོ་བ་བཟང་བོའི་དགོས་མཁོའི་གཞི་རྩའི་རེ་བ་ཡིན་པས། ངེས་པར་དུ་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ནན་ཏན་སྒོས་ལག་ལེན་མཐར་ཕྱིན་བྱས་ནས། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་མཛུབ་སྟོན་དུ་བཟུང་སྟེ། གཟེར་འདེབས་སྙིང་སྟོབས་དར་སྤེལ་བྱེད་པ་དང་། ཟས་རིགས་བདེ་འཇགས་འཐབ་ཇུས་ལག་བསྟར་ནན་མོ་བྱས་ནས། མི་དམངས་མང་ཚོགས་ཀྱི་ཟས་རིགས་ཀྱི་བདེ་འཇགས་ལ་ཁག་ཐེག་བྱེད་དགོས་ཟེར།

ཝང་དབྱང་གིས་ནན་གྱིས་གསུངས་རྒྱུར། ཉེ་བའི་ལོ་འགའི་རིང་ལ། རང་རྒྱལ་གྱི་ཟས་རིགས་བདེ་འཇགས་ཀྱི་གནས་བབ་རྒྱུན་ཆད་མེད་པར་ཇེ་ལེགས་སུ་སོང་ཡོད་མོད། འོན་ཀྱང་གནད་དོན་སྔར་བཞིན་གནས་ཡོད་པས། ཟས་རིགས་བདེ་འཇགས་དཔེ་སྟོན་གྲོང་ཁྱེར་དང་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་རྫོང་གསར་སྐྲུན་བྱེད་པའི་ཐད་ནས་བླངས་པའི་ཉམས་མྱོང་སྤྱི་བསྡོམས་ནན་མོ་བྱེད་པ་དང་། ཟས་རིགས་བདེ་འཇགས་ཕྱོགས་ཀྱི་འགལ་བ་དང་གནད་དོན་གཙོ་བོ་དམ་པོར་བཟུང་སྟེ། འགོ་ཁུངས་ནས་བཅོས་སྐྱོང་བྱེད་པའི་བྱ་བ་དམ་འཛིན་ལྷོད་མེད་བྱེད་དགོས་ལ། ས་གནས་ཀྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་འགན་འཁྲི་ཇེ་དྲག་ཏུ་གཏོང་བ་དང་། ལམ་ལུགས་འཐུས་ཚང་དུ་གཏོང་བ། ལྟ་སྐུལ་དོ་དམ་བྱེད་ཐབས་གསར་སྐྲུན་བྱེད་པ་བཅས་བྱས་ནས། ཟས་རིགས་བདེ་འཇགས་བཅོས་སྐྱོང་བྱ་བའི་ནུས་པ་དང་འགན་སྲུང་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་སུ་གཏོང་དགོས་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།