ཞི་ཅིན་ཕིང་གིས་ཨེ་ཅིབ་ཏུ་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ཚབས་ཆེན་ཐོན་པར་ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཞི་ལ་འཚམས་འདྲིའི་གློག་འཕྲིན་བཏང་གནང་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ11ཚེས25ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཞི་ལ་འཚམས་འདྲིའི་གློག་འཕྲིན་བཏང་ནས། ཟླ11ཚེས24ཉིན་ཨེ་ཅིབ་ཀྱི་པེ་ཞི་ནའེ་ཞིང་ཆེན་ཨ་ལི་ཧྲེ་གྲོང་ཁྱེར་གྱི་དབྱི་སི་ལམ་གྱི་ཕྱག་ཁང་ཞིག་ཏུ་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ཚབས་ཆེན་ཐོན་ནས་ཉེས་མེད་རྐྱེན་ལམ་དུ་ཤོར་མིར་ཡིད་སྐྱོ་བའི་མྱ་ངན་ཞུས་པ་དང་། ཙུང་ཐུང་སའེ་ཞི་དང་། རྐྱེན་ལམ་དུ་ཤོར་མིའི་ནང་མི། རྨས་མ་བཅས་ལ་ལྷག་བསམ་ཟོལ་མེད་ངང་འཚམས་འདྲི་ཞུས་གནང་བ་རེད།

ཞི་ཅིན་ཕིང་གིས་འཚམས་འདྲིའི་གློག་འཕྲིན་ནང་ཀྲུང་གོ་ཕྱོགས་ཀྱིས་རྣམ་པ་སྣ་ཚོགས་ཀྱི་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་ནས་ད་རེས་ཀྱི་འཇིགས་སྐུལ་འཇབ་རྒོལ་ལ་རྒོལ་གཏམ་དྲག་པོ་གཏོང་རྒྱུ་ཡིན་ལ། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཅིབ་ཕྱོགས་ལ་རྒྱལ་ཁབ་ཀྱི་བདེ་འཇགས་བརྟན་ལྷིང་ལ་སྲུང་སྐྱོང་དང་འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་ཧུར་ཐག་གཏོང་རྒྱུར་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་ཡང་བྱ་རྒྱུ་ཡིན་ཞེས་བསྟན་གནང་བ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།