ཀྲུང་གོ་བོད་ཀྱི་དྲ་བ།

​ནོར་སྲིད་པུས་ཤང་ཀང་དུ་ཨ་སྒོར་དུང་ཕྱུར་20ཡི་བདག་དབང་བུན་འཛིན་འགྲེམས་སྤེལ་བྱ་རྒྱུ་ཡིན་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2017-10-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མི་དམངས་དྲ་བའི་འཕྲིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་ཉེ་དུས་ནོར་སྲིད་པུས་ཤང་ཀང་དུ་ཨ་སྒོར་དུང་ཕྱུར་20ཡི་བདག་དབང་བུན་འཛིན་འགྲེམས་སྤེལ་བྱ་རྒྱུའི་ཁྲོད་ལོ་ལྔའི་རིང་ཨ་སྒོར་དུང་ཕྱུར་10དང་ལོ་བཅུའི་རིང་ཨ་སྒོར་དུང་ཕྱུར་10འགྲེམས་སྤེལ་བྱ་རྒྱུ་རེད། འགྲེམས་སྤེལ་གྱི་ཞིབ་ཕྲའི་དུས་ཚོད་དེ་འགྲེམས་སྤེལ་མ་བྱས་གོང་ཁྱབ་བསྒྲགས་བྱ་རྒྱུ་དང་། ད་ཐེངས་ཀྱི་ཨ་སྒོར་བདག་དབང་བུན་འཛིན་འགྲེམས་སྤེལ་བྱས་རྗེས་ཤང་ཀང་མཉམ་འབྲེལ་ཉོ་ཚོང་ཁང་དུ་ཁྲོམ་ཞུགས་ཉོ་ཚོང་བྱ་རྒྱུ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།