ཀྲུང་གོ་བོད་ཀྱི་དྲ་བ།

དཀའ་སྤྱད་འབད་བརྩོན་བྱས་པའི་ལོ་ལྔའི་གྲུབ་འབྲས་འགྲེམ་སྟོན་མགོ་བརྩམས་པའི་མཛད་སྒོ་པེ་ཅིན་འགྲེམ་སྟོན་ཁང་དུ་བསྡུས་པ་དང་ལིག་ཡུན་ཧྲན་གྱིས་གཏམ་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-09-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ9བའི་ཚེས25ཉིན་གྱི་སྔ་དྲོར། དཀའ་སྤྱད་འབད་བརྩོན་བྱས་པའི་ལོ་ལྔའི་གྲུབ་འབྲས་འགྲེམ་སྟོན་མགོ་བརྩམས་པའི་མཛད་སྒོ་པེ་ཅིན་འགྲེམ་སྟོན་ཁང་དུ་བསྡུས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་གྱིས་གཏམ་བཤད་པར་མ་ཟད་འགྲེམ་སྟོན་མགོ་བརྩམས་པ་ཁྱབ་སྒྲོག་བྱས།

ལིག་ཡུན་ཧྲན་གྱིས་བསྟན་དོན། དཀའ་སྤྱད་འབད་བརྩོན་བྱས་པའི་ལོ་ལྔའི་གྲུབ་འབྲས་འགྲེམ་སྟོན་ནི་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བར་བསུ་མ་བྱེད་པའི་དྲིལ་སྒྲོག་བྱ་བའི་ནང་དོན་གཙོ་བོ་ཡིན་པ་དང་། གསོན་ཉམས་ལྡན་པའི་བསླབ་གཞི་དེ་བཀོལ་སྤྱོད་བཟང་བོ་བྱས་ཏེ། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གིས་མགོ་ཁྲིད་པའི་ཆབ་སྲིད་ཁྱབ་སྟོབས་གསལ་བོར་ཤེས་པར་བྱེད་པ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་དུས་སྐབས་གསར་བར་སླེབས་པ་གསལ་བོར་ཤེས་པར་བྱེད་པ། བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་མདུན་ལྗོངས་རྒྱ་ཆེན་པོ་གསལ་བོར་ཤེས་པར་བྱེད་པར་སྣེ་ཁྲིད་བྱེད་དགོས་ལ། སེམས་ཤུགས་གཅིག་སྒྲིལ་སྒོས་རླབས་ཆེན་འཐབ་རྩོད་གཏིང་ཟབ་ཏུ་སྤེལ་ཞིང་རླབས་ཆེན་བཟོ་སྐྲུན་འཛུགས་སྐྲུན་བྱེད་པ་དང་། རླབས་ཆེན་ལས་དོན་གོང་འཕེལ་དུ་གཏོང་བར་མ་ཟད་རླབས་ཆེན་ཕུགས་འདུན་མངོན་འགྱུར་བྱེད་དགོས། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་ཤིང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་ཡིད་ཆེས་བཞི་ཇེ་བརྟན་དུ་བཏང་ནས། བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རླབས་ཆེན་རྒྱལ་ཁ་ལེན་པར་འབད་བརྩོན་ལྷོད་མེད་བྱེད་པར་མ་ཟད་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ནས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་རྒྱལ་ཁའི་ངང་འཚོགས་པར་བསུ་མ་བྱེད་དགོས་ཟེར།

ལིག་ཆི་པོ་ཡིས་གྲུབ་འབྲས་འགྲེམ་སྟོན་མགོ་བརྩམས་པའི་མཛད་སྒོར་མགོ་འཛིན་བྱས་པ་དང་། ཝང་ཁྲིན་དང་ཀྲང་ཆིན་ལིས་གཉིས་ཀ་གྲུབ་འབྲས་འགྲེམ་སྟོན་མགོ་བརྩམས་པའི་མཛད་སྒོར་ཞུགས།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།