ཀྲུང་གོ་བོད་ཀྱི་དྲ་བ།

ཡུས་ཀྲིན་ཧྲིན་གྱིས་ཀྲུང་གོའི་ཕྱི་རྒྱལ་མཛའ་འབྲེལ་ལྷན་ཚོགས་བཙུགས་ནས་ལོ་འཁོར་ཉི་ཤུ་ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་སྐབས་བཞི་བའི་ལས་འཛིན་ཚོགས་ཆེན་ཐེངས་གཉིས་པའི་འཐུས་མི་ཡོངས་ལ་ཐུག་འཕྲད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-09-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1111.jpg

ཟླ་དགུ་བའི་ཚེས་ཉི་ཤུ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོའི་ཕྱི་རྒྱལ་མཛའ་འབྲེལ་ལྷན་ཚོགས་བཙུགས་ནས་ལོ་འཁོར་ཉི་ཤུ་ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་སྐབས་བཞི་བའི་ལས་འཛིན་ཚོགས་ཆེན་ཐེངས་གཉིས་པར་ཞུགས་པའི་འཐུས་མི་ཡོངས་ལ་ཐུག་འཕྲད་བྱས་པ་དང་མཉམ་དུ་པར་བླངས་པར་མ་ཟད་གཏམ་བཤད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་ཚེས་ཉི་ཤུ་ཉིན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོའི་ཕྱི་རྒྱལ་མཛའ་འབྲེལ་ལྷན་ཚོགས་བཙུགས་ནས་ལོ་འཁོར་ཉི་ཤུ་ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་སྐབས་བཞི་བའི་ལས་འཛིན་ཚོགས་ཆེན་ཐེངས་གཉིས་པར་ཞུགས་པའི་འཐུས་མི་ཡོངས་ལ་ཐུག་འཕྲད་བྱས་པ་དང་མཉམ་དུ་པར་བླངས་པར་མ་ཟད་གཏམ་བཤད།

ཡུས་ཀྲིན་ཧྲིན་གྱིས་ཀྲུང་གུང་ཀྲུང་གི་ཚབ་བྱས་ཏེ་ཀྲུང་གོའི་ཕྱི་རྒྱལ་མཛའ་འབྲེལ་ལྷན་ཚོགས་བཙུགས་ནས་ལོ་འཁོར་ཉི་ཤུ་ལོན་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས། ཁོས་བཤད་རྒྱུར། ལོ་ངོ་ཉི་ཤུའི་རིང་ལ། ཀྲུང་གོའི་ཕྱི་རྒྱལ་མཛའ་འབྲེལ་ལྷན་ཚོགས་ཀྱིས་རྒྱལ་གཅེས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས། ཀྲུང་དབྱང་གི་ཆོད་ཇུས་དང་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་ནན་ཏན་སྒོས་ལག་ལེན་མཐར་ཕྱིན་བྱས་ཏེ། རྒྱལ་ཁབ་ཀྱི་བཅོས་སྒྱུར་དང་འཕེལ་རྒྱས་ལ་ཞབས་ཕྱི་སྒྲུབ་པ་དང་། རྒྱལ་ཁབ་ཕྱི་ནང་གི་སྤུན་ཟླ་མཛའ་མཐུན་ཡོང་བར་བྱེད་པ། རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་ལ་སྲུང་སྐྱོབ་བྱེད་པའི་ཐད་ནས་བྱས་རྗེས་གལ་ཆེན་བཞག་པར་མ་ཟད། ཞང་ཀང་དང་ཨོ་མིན། ཐའེ་ཝན། ཕྱི་རྒྱལ་བཅས་ཀྱི་རྒྱལ་གཅེས་མི་སྣ་གཅིག་བསྡུ་བྱེད་ས་དང་རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་བུ་མོར་འབྲེལ་འདྲིས་བྱེད་པའི་འབྲེལ་ཐག་གལ་ཆེན། རྒྱལ་ཁབ་གཅིག་གྱུར་དང་མི་རིགས་བསྐྱར་དར་བྱེད་པའི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད་ཟེར།

ཡུས་ཀྲིན་ཧྲིན་གྱིས་བཤད་རྒྱུར། ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་གྱི་ལོ་ལྔ་ནི་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་ཧུར་བརྩོན་འབད་འཐབ་བྱས་པའི་ལོ་ལྔ་ཡིན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་སྟོབས་དང་ལྡན་པའི་མགོ་ཁྲིད་འོག ཏང་གི་རྒྱལ་ཁབ་ཀྱི་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་སྟེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་འཛམ་གླིང་ཡོངས་ཀྱིས་དོ་སྣང་བྱེད་པའི་གྲུབ་འབྲས་རླབས་ཆེན་བླངས་ཡོད་ཟེར།

ཡུས་ཀྲིན་ཧྲིན་གྱིས་ནན་གྱིས་བཤད་རྒྱུར། མི་འགྱངད་བར་ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་བཅུ་བ་གཟབ་རྒྱས་ངང་བསྡུ་རྒྱུ་ཡིན། དེ་ནི་ང་ཚོ་ཏང་དང་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན་ལ། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་ཐད་ལ་ཁྱོན་ཡོངས་ནས་བཀོད་སྒྲིག་བྱེད་རྒྱུ་ཡིན་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།