ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཀྲིན་ཧྲིན་གྱིས་གཙང་གསུམ་འབྱུང་ཡུལ་གྱི་ས་ཁུལ་གཙོ་བོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་བདེ་འཇགས་ཐོན་སྐྱེད་བྱ་བར་ཞིབ་བཤེར་དང་ལྟ་སྐུལ་མཛུབ་སྟོན་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-08-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།   ཟླ་བརྒྱད་པའི་ཚེས་བཅུ་དྲུག་ཉིན་ནས་ཚེས་བཅོ་བརྒྱད་ཉིན་བར། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ། སྤྱི་བདེ་ཐིན་གྱི་ཐིན་ཀྲང་ཝང་ཀྲིན་ཧྲིན་གཙང་གསུམ་འབྱུང་ཡུལ་གྱི་ས་ཁུལ་གཙོ་བོ་ཆུ་དམར་ལེབ་དང་རྨ་སྟོད་རྫོང་གཉིས་ལ་སོང་སྟེ་ཁོར་ཡུག་སྲུང་སྐྱོབ་དང་བདེ་འཇགས་ཐོན་སྐྱེད་བྱ་བར་ཞིབ་བཤེར་དང་ལྟ་སྐུལ་མཛུབ་སྟོན་བྱས། ཁོས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྐྱོང་སྲིད་འཛིན་གྱི་འདུ་ཤེས་གསར་བ་དང་བསམ་བློ་གསར་བ། འཐབ་ཇུས་གསར་བ་བཅས་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ནས། ཁྱོན་ཡོངས་བཞིའི་འདུ་ཤེས་དམ་པོར་བཅངས་པ་དང་། སྒྱུར་བ་བཞིའི་བསམ་ཕྱོགས་གསར་བར་བརྟེན་ནས་ཏན་ཏན་ཏིག་ཏིག་བཞིའི་རེ་བ་གལ་ཆེན་དོན་ཐོག་ཏུ་འཁྱོལ་བར་བྱས་ནས། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་ལ་ལྟ་ཞིབ་བྱེད་པ་དེ་ཆབ་སྲིད་ཀྱི་ཞིབ་བཤེར་ཞིག་ཏུ་བརྩིས་ཏེ། འགན་འཁྲིའི་བསམ་པ་དང་དགོས་གཏུག་ཆེ་བའི་བསམ་པ་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བའི་ཚད་མཐའི་རིག་ལམ་ཇེ་དྲག་ཏུ་གཏོང་བ། བདེ་འཇགས་ཐོན་སྐྱེད་ཀྱི་དམར་མཚམས་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས་ཟེར།

ཆུ་དམར་ལེབ་རྫོང་རྨ་སྟོད་ཞང་དགུ་གཞུང་སྡེ་བ་དང་རྨ་སྟོད་རྫོང་མཚོ་སྐྱ་རིང་ཞང་ཚ་རྩེ་སྡེ་བ་ནས་ཝང་ཀྲིན་ཧྲིན་གྱིས་བཤད་རྒྱུར། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བའི་ཚད་མཐའི་རིག་ལམ་སྔར་ལས་ཇེ་ཆེར་གཏོང་བ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བ་ཐོག་མར་འཛིན་པའི་འདུ་ཤེས་དེ་དཔལ་འབྱོར་དང་། ཆབ་སྲིད། རིག་གནས། སྤྱི་ཚོགས། སྐྱེ་ཁམས་དཔལ་ཡོན་བཅས་འཛུགས་སྐྲུན་ཆེན་པོ་ལྔའི་ཕྱོགས་སོ་སོ་དང་གོ་རིམ་ཧྲིལ་བོར་སྦྲེལ་ནས། འཕེལ་རྒྱས་དང་སྲུང་སྐྱོབ་བར་གྱི་འབྲེལ་བ་ཐག་གཅོད་བཟང་བོ་བྱེད་པ་དང་། སྐྱེ་ཁམས་ཕྱུགས་ལས་ལ་འཚོལ་ཞིབ་དང་སྐུལ་འདེད་གཏོང་བ། སྐྱེ་ཁམས་སྲུང་སྐྱོབ་བྱེད་པར་བརྟེན་ནས་དབུལ་ཐར་མཁྲེགས་གཏོར་བྱ་བ་བཟང་བོར་བསྒྲུབ་སྟེ། མ་ཡུམ་ཆུ་བོའི་མགོ་ཁུངས་ཀྱི་སྐྱེ་ཁམས་ལ་ངེས་པར་དུ་སྲུང་སྐྱོབ་བཟང་བོ་བྱེད་དགོས་ཟེར།

རྨ་སྟོད་རྫོང་སྤྱི་བདེ་ཅུའུ་ཡི་འགྲིམ་འགྲུལ་ཉེན་རྟོག་རུ་ཁག་ནས་ཝང་ཀྲིན་ཧྲིན་གྱིས་བཤད་རྒྱུར། ལག་རྩལ་རྒྱབ་རྟེན་བྱེད་པ་དང་ལྟ་སྐུལ་ཞིབ་བཤེར་བྱེད་པའི་བྱ་བར་ཁྱོན་ཡོངས་ནས་གཙིགས་འཛིན་བྱས་ཏེ། ཉེན་རྟོག་པའི་ཁྲིམས་འཛིན་ཞིབ་བཤེར་ས་ཚིགས་དང་ཞང་གྲོང་འགྲིམ་འགྲུལ་དོ་དམ་ས་ཚིགས་སོགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། རྒྱལ་ཁབ་འཐབ་ཇུས་ཁྲོད་ཞུགས་པ་དང་ཞིང་ཆེན་ཡོངས་དང་ཐ་ན་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་རེ་སྒུག་བྱེད་པའི་དམངས་ཚིས་ཀྱི་ལམ་དང་ཕྱུག་སྒྱུར་གྱི་ལམ། མཐུན་སྒྲིལ་གྱི་ལམ་བཅས་འཛུགས་སྐྲུན་བྱེད་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།