ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ་ཡིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་བྱ་བའི་གནས་ཚུལ་མཚམས་སྦྱོར་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་གུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ་ཡིས་ཚེས་ཉེར་ལྔ་ནི་པེ་ཅིན་ནས་ཀྲུང་གོ་གུང་ཁྲན་ཏང་གི་གཏམ་རྒྱུད་ཅེས་པའི་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་བྱ་བའི་གནས་ཚུལ་མཚམས་སྦྱོར་བྱེད་པའི་ཚོགས་འདུ་བསྡུས་ནས། ཀྲུང་གོར་འཚམས་འདྲིར་ཡོང་བའི་ཕྱི་རྒྱལ་གྱི་ཏང་སྲིད་མགོ་གཙོ་དང་ཀྲུང་གོར་སྡོད་པའི་ཕྱི་རྒྱལ་གྱི་གཞུང་ཚབ་ཆེན་མོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་སྐྱོང་སྲིད་འཛིན་གྱི་འདུ་ཤེས་གསར་བ་དང་བསམ་བློ་གསར་བ། འཐབ་ཇུས་གསར་བ་བཅས་དང་། ཁྱད་པར་དུ་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་བྱ་བ་ས་གནས་སོ་སོར་ལག་ལེན་མཐར་ཕྱིན་བྱེད་པའི་གནས་ཚུལ་མཚམས་སྦྱོར་བྱས།

ཚོགས་འདུར་ཞུགས་པའི་ཕྱི་རྒྱལ་གྱི་མགྲོན་པོ་རྣམས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གིས་འཕེལ་རྒྱས་ཁྲོད་ཀྱི་དཀའ་གནད་ལ་དམིགས་ནས། དམིགས་སའི་རང་བཞིན་གྱི་ཐག་གཅོད་ཇུས་གཞི་བཏོན་པར་མ་ཟད་ལག་ལེན་ཁྲོད་ནས་གྲུབ་འབྲས་མངོན་གསལ་བླངས་ཡོད་ཅེས་བཤད།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།