ཐོག་མའི་བསམ་འདུན་མ་བརྗེད་པ་དང་། ལས་སྒྲུབ་ཏན་ཏིག སྤྱོད་གཙང་གཞུང་དྲང་། ཉམས་ལེན་འབད་སྒྲུབ་བཅས་ཀྱི་སྒོ་ནས་ཏང་གི་བྱེད་ཕྱོགས་དང་སྲིད་ཇུས་གཞི་རིམ་དང་མང་ཚོགས་ཁྲོད་དོན་འཁྱོལ་བྱེད་དགོས་པའི་ནན་བཤད་གནང་བ།

ཞི་ཅིན་ཕིང་གིས་བློ་མཐུན་ལེའོ་ཅུན་པོ་ཡི་སྔོན་ཐོན་བྱས་རྗེས་ཐད་མཛུབ་སྟོན་གལ་ཆེན་གནང་སྟེ།

ཐོག་མའི་བསམ་འདུན་མ་བརྗེད་པ་དང་། ལས་སྒྲུབ་ཏན་ཏིག སྤྱོད་གཙང་གཞུང་དྲང་། ཉམས་ལེན་འབད་སྒྲུབ་བཅས་ཀྱི་སྒོ་ནས་ཏང་གི་བྱེད་ཕྱོགས་དང་སྲིད་ཇུས་གཞི་རིམ་དང་མང་ཚོགས་ཁྲོད་དོན་འཁྱོལ་བྱེད་དགོས་པའི་ནན་བཤད་གནང་བ།


ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཉེ་དུས་བློ་མཐུན་ལེའོ་ཅུན་པོ་ཡི་སྔོན་ཐོན་བྱས་རྗེས་ཐད་མཛུབ་སྟོན་གལ་ཆེན་གནང་ནས་བློ་མཐུན་ལེའོ་ཅུན་པོ་ཡིས་གོ་གནས་འཁུར་རིང་ཏང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་པ་དང་རང་འགན་གཙང་མར་བསྒྲུབས་ནས་ས་གནས་ཀྱི་ལས་བྱེད་པ་དང་མང་ཚོགས་ཚོའི་སྣེ་ཁྲིད་དེ་ལུས་ཚུགས་ཐུབ་པ་དང་དཀའ་སྒྲུབ་དངོས་སྒྲུབ་དང་བྱ་སྤྱོད་དངོས་ཀྱིས་ཏང་ལ་ལྷག་བསམ་རྣམ་དག་དང་། མང་ཚོགས་དང་སེམས་པ་གཅིག་ཏུ་འབྲེལ་བ། རང་དོན་རྒྱབ་སྐྱུར་གྱིས་ལས་སྒྲུབ། སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བ་བཅས་ཀྱི་གཤིས་རྒྱུད་བཟང་པོ་མངོན་པ་དེ་ནི“རྒྱལ་ཡོངས་ཀྱི་རྫོང་ཨུད་ཧྲུའུ་ཅི་ཕུལ་བྱུང”གི་གཟི་བརྗིད་མཚན་སྙན་ལ་ངོ་གནོང་མི་དགོས་པ་ཞིག་རེད། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་ཚོས་བློ་མཐུན་ལེའོ་ཅུན་པོ་ལ་སློབ་སྦྱོང་བྱས་ནས་ཐོག་མའི་བསམ་འདུན་མ་བརྗེད་པ་དང་། ལས་སྒྲུབ་ཏན་ཏིག སྤྱོད་གཙང་གཞུང་དྲང་། ཉམས་ལེན་འབད་སྒྲུབ་བཅས་ཀྱི་སྒོ་ནས་ཏང་གི་བྱེད་ཕྱོགས་སྲིད་ཇུས་གཞི་རིམ་དང་མང་ཚོགས་ཁྲོད་དོན་འཁྱོལ་བྱས་ཏེ་མི་དམངས་ལ་ལྷག་བསམ་ཟོལ་མེད་ངང་བདེ་སྐྱིད་སྐྲུན་དགོས་པའི་ནན་བཤད་གནང་བ་རེད།

ཞི་ཅིན་ཕིང་གིས་དུས་སྐབས་ཤིག་རིང་གཞི་རིམ་གྱི་ལས་བྱེད་པ་ཕུལ་བྱུང་ཁག་གཅིག་རྒྱུ་རྐྱེན་སྣ་ཚོགས་ཀྱིས་རྐྱེན་པས་གཞི་རིམ་གྱི་འཐབ་ཕྱོགས་དང་པོར་ལས་ཀ་བྱེད་རིང་སྟབས་མ་ལེགས་པར་ཚེ་ལས་འདས་པ་བྱུང་ཡོད། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་གཞི་རིམ་གྱི་ལས་བྱེད་པ་ཕུལ་བྱུང་དེ་དག་གི་ནང་མིར་སེམས་ཁུར་བྱས་ནས་ཁོང་ཚོའི་དཀའ་ངལ་ལྷག་བསམ་རྣམ་པར་དག་པའི་སྒོ་ནས་ཐག་གཅོད་བྱེད་རོགས་དང་ལྷག་པར་དུ་ཁོང་ཚོའི་རྒན་རྒོན་དང་ན་སོ་དར་ལ་མ་བབས་པའི་བུ་ཕྲུག་ལ་ལྟ་རྟོག་ཡག་པོ་བྱེད་དགོས། ལས་དོན་དེ་ཆེད་མིས་འགན་འཁུར་བ་དང་ཆེད་མིས་དོན་འཁྱོལ་བྱེད་དགོས་ཞེས་གསུངས།

བློ་མཐུན་ལེའོ་ཅུན་པོ་སྐུ་འཚོ་བཞུགས་སྐབས་ཧྥུའུ་ཅན་ཞིང་ཆེན་ནན་ཕིང་གྲོང་ཨུད་ཀྱི་རྒྱུན་ཨུ། ཧྲི་ཀྲང་གཞོན་པ། ཝུའུ་དབྱི་ཁུལ་གསར་ཏང་དོན་ཨུ་ལྷན་གྱི་ཧྲུའུ་ཅི་ཡིན་པ་མ་ཟད། དེ་སྔ་ཀྲེང་ཧོ་རྫོང་ཨུད་ཀྱི་ཧྲུའུ་ཅིའི་འགན་འཁུར་མྱོང་ཡོད། 2015ལོའི་ཟླ་6པར་ཀྲུང་དབྱང་རྩ་འཛུགས་པུས“རྒྱལ་ཡོངས་ཀྱི་རྫོང་ཨུད་ཧྲུའུ་ཅི་ཕུལ་བྱུང”གི་མཚན་སྙན་གནང་ཡོད། 2017ལོའི་ཟླ་3ཚེས་18ཉིན་བློ་མཐུན་ལེའོ་ཅུན་པོ་ཝུའུ་དབྱི་ཁུལ་གསར་དུ་ཚོགས་འདུ་གཙོ་སྐྱོང་གནང་བར་སྐྱོད་རིང་སྟབས་མ་ལེགས་པར་རླངས་འཁོར་གྱི་ལས་འཛོལ་ཐོན་ནས་གཞུང་དོན་ཆེད་རང་སྲོག་ཤོར་བ་རེད།

རྩོམ་སྒྲིག་པ། གླིང་སྨྱོན།

དཔྱད་མཆན 0 ཡོད།