ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་གྲོས་ཚོགས་བསྡུས་པ་དང་ཞི་ཅིན་ཕེན་གྱིས་གྲོས་ཚོགས་ལ་མགོ་འཛིན་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-04-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་གསུམ་པའི་ཚེས་སོ་གཅིག་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་གྲོས་ཚོགས་བསྡུས་ཏེ། ཉིས་སྟོང་བཅུ་དྲུག་ལོར་ཞིང་ཆེན་རིམ་པའི་ཏང་ཨུ་དང་སྲིད་གཞུང་གིས་དབུལ་ཐར་མཁྲེགས་གཏོར་བྱ་བའི་ཐད་ནས་བླངས་པའི་གྲུབ་འབྲས་ལ་དཔྱད་ཞིབ་བྱས་པའི་གནས་ཚུལ་ཡར་ཞུ་བྱས་པར་ཉན་པ་དང་དབུལ་ཐར་མཁྲེགས་གཏོར་བྱ་བ་གཏིང་ཟབ་ཏུ་སྤེལ་བར་རེ་བ་བཏོན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་གྲོས་ཚོགས་ལ་མགོ་འཛིན་མཛད།

ཚོགས་ཐོག་ནས་བསྟན་དོན། དབུལ་ཐར་མཁྲེགས་གཏོར་བྱ་བས་ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་ཁྱོན་ཡོངས་སུ་གོ་གནས་གལ་ཆེན་ཟིན་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་སྟེང་ཉིས་སྟོང་ཉི་ཤུ་ལོའི་བར་དུ་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་དམིགས་འབེན་གཏན་འཁེལ་བྱས་པ་དང་དེའི་ནང་དུ་ཆེས་མངོན་འགྱུར་བྱེད་དཀའ་བ་ནི་ཞིང་སྡེ་ཡི་དབུལ་ཕོངས་མི་གྲངས་དབུལ་ཐར་བྱེད་པ་དང་དབུལ་ཕོངས་རྫོང་གི་རྣམ་པ་རྩ་བ་སྒྱུར་བ། ཁུལ་ཁོངས་རང་བཞིན་གྱི་དབུལ་ཕོངས་མེད་པར་གཏོང་རྒྱུ་དེ་ཡིན། དམིགས་འབེན་དེ་མངོན་འགྱུར་བྱེད་པ་ནི་ང་ཚོ་ཏང་གིས་མི་དམངས་ལ་ཁས་བླངས་པའི་དམ་བཅའ་ཡིན་པས། ངེས་པར་དུ་རེ་བ་ནན་མོ་བཏོན་པ་དེ་དབུལ་ཐར་མཁྲེགས་གཏོར་བྱ་བའི་བརྒྱུད་རིམ་ཡོངས་དང་ཕྱོགས་སོ་སོ་རུ་དངོས་འབེབས་དང་ལག་བསྟར་བྱེད་དགོས་པ་དང་། དབུལ་ཐར་མཁྲེགས་གཏོར་བྱ་བའི་སྙན་ཞུའི་ལམ་ལུགས་དང་འགན་འཁྲིའི་ལམ་ལུགས། དཔྱད་ཞིབ་ལམ་ལུགས། ལྟ་ཞིབ་སྐོར་ཞིབ་ལམ་ལུགས་བཅས་དངོས་འབེབས་བཟང་བོ་བྱས་ཏེ། དབུལ་ཐར་མཁྲེགས་གཏོར་བྱ་བའི་དམིགས་འབེན་དང་ལས་འགན་མངོན་འགྱུར་བྱེད་རྒྱུ་འགན་སྲུང་བྱེད་དགོས་ཟེར།

ཚོགས་ཐོག་ནས་བསྟན་དོན། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་རེ་བ་དང་དབུལ་ཐར་མཁྲེགས་གཏོར་བྱ་བའི་འགན་འཁྲི་དངོས་འབེབས་བཟང་བོ་བྱེད་དགོས། དཔྱད་ཞིབ་བཀོད་འདོམས་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། དངོས་གཉེར་བདེན་འཚོལ་གྱི་མཛུབ་སྟོན་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་ནན་ཏན་སྒོས་བྱ་བ་སྒྲུབ་པའི་སྒྲིག་སྲོལ་ལག་བསྟར་བྱས་ནས། དབུལ་ཐར་མཁྲེགས་གཏོར་བྱ་བའི་གྲུབ་འབྲས་ཀྱིས་ལག་ལེན་དང་ཞིབ་བཤེར་ཚད་ལེན་ལ་ཉམས་སད་ཐེག་པ་འགན་སྲུང་བྱེད་དགོས་ཟེར།

ཚོགས་ཐོག་ནས་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།   །
 

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།