ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕེན་གྱིས་སོ་ཏི་ཨ་རབ་རྒྱལ་ཁབ་ཀྱི་རྒྱལ་བོ་སཱ་ལེ་མན་དང་གྲོས་མོལ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-03-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

习近平同沙特国王萨勒曼举行会谈.jpg

ཟླ་གསུམ་པའི་ཚེས་བཅུ་དྲུག་ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཁང་བྱང་མ་ནས་སོ་ཏི་ཨ་རབ་རྒྱལ་ཁབ་ཀྱི་རྒྱལ་བོ་སཱ་ལེ་མན་དང་གྲོས་མོལ་མཛད། གྲོས་མོལ་མ་མཛད་པའི་སྔོན་ལ། ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཁང་བྱང་མ་ནས་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས་ཏེ། སོ་ཏི་ཨ་རབ་རྒྱལ་ཁབ་ཀྱི་རྒྱལ་བོ་སཱ་ལེ་མན་རང་རྒྱལ་ལ་འཚམས་འདྲིར་ཡོང་བར་བསུ་བ་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་གསུམ་པའི་ཚེས་བཅུ་དྲུག་ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཁང་བྱང་མ་ནས་སོ་ཏི་ཨ་རབ་རྒྱལ་ཁབ་ཀྱི་རྒྱལ་བོ་སཱ་ལེ་མན་དང་གྲོས་མོལ་མཛད།

གྲོས་མོལ་མཛད་སྐབས་ཞི་ཅིན་ཕེན་གྱིས་གསུངས་རྒྱུར། བདག་གིས་ན་ནིང་སོ་ཏི་ཨ་རབ་རྒྱལ་ཁབ་ལ་འཚམས་འདྲི་བྱེད་སྐབས་རྒྱལ་བོ་སཱ་ལེ་མན་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བ་དང་རྒྱལ་སྤྱི་དང་ས་གནས་ཀྱི་ལས་དོན་མཉམ་ལས་ལ་ཤུགས་སྣོན་པའི་ཐད་བཏོན་པའི་ཐུན་མོང་གི་ལྟ་ཚུལ་གང་མང་རིམ་བཞིན་དངོས་འབེབས་བྱེད་བཞིན་ཡོད་པས་ང་རང་དགའ་སྤྲོ་སྐྱེས་བ་ཡིན། ཀྲུང་གོ་དང་སོ་ཏི་ཨ་རབ་བར་གྱི་འབྲེལ་བར་འཕེལ་རྒྱས་ཀྱི་སྦས་ཤུགས་དང་ཆ་རྐྱེན་བཟང་བོ་ལྡན་པས། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཆེན་པོ་དམ་འཛིན་བྱས་ཏེ། ཀྲུང་གོ་དང་སོ་ཏི་ཨ་རབ་བར་གྱི་འབྲེལ་བའི་ཐད་ལ་སྔར་ལས་མཛེས་པའི་མ་འོངས་བ་མཉམ་སྐྲུན་བྱེད་དགོས། ཀྲུང་གོས་སྔོན་ཆད་དང་འདྲ་བར་སོ་ཏི་ཨ་རབ་རང་གི་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་བགྲོད་ལམ་སྐྱོད་པར་རྒྱབ་སྐྱོར་བྱེད་པ་དང་། སོ་ཏི་ཨ་རབ་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཁེ་ཕན་སྲུང་སྐྱོབ་བྱེད་པར་འབད་བརྩོན་བྱས་པར་རྒྱབ་སྐྱོར་བྱེད་པར་མ་ཟད། སོ་ཏི་ཨ་རབ་ཀྱིས་ས་གནས་དང་རྒྱལ་སྤྱིའི་ལས་དོན་ཁྲོད་དུ་ནུས་པ་ཆེན་པོ་བཏོན་པར་རྒྱབ་སྐྱོར་བྱེད་ངེས་ཡིན། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་རིག་གནས་དང་སློབ་གསོ། འཕྲོད་བསྟེན། ཚན་རྩལ། གནས་སྐོར། གསར་འགྱུར། བདེ་འཇགས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་དགོས་ཟེར།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། དུས་ཡུན་རིང་བོར་ཀྲུང་གོས་རྒྱ་ཆེའི་དབྱི་སི་ལན་རྒྱལ་ཁབ་བར་ཕན་ཚུན་ལ་བརྩི་འཇོག་དང་མཉམ་ལས་མཉམ་རྒྱལ་བྱས་ཏེ། དཔལ་ཡོན་མི་འདྲ་བའི་འཆམ་མཐུན་མཉམ་གནས་ཀྱི་དཔེ་སྟོན་གསར་སྐྲུན་བྱས། ཀྲུང་གོ་ཕྱོགས་ཀྱིས་དབུས་ཤར་རྒྱལ་ཁབ་དང་བཅས་པའི་རྒྱལ་ཁབ་སོ་སོའི་བར་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱས་ཏེ། སྒོ་འབྱེད་ཁྲོད་དུ་གོ་སྐབས་མཉམ་སྤྱོད་བྱེད་པ་དང་མཉམ་སྦྲེལ་མཉམ་མཐུད་ཁྲོད་དུ་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། ཞི་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད་ཟེར།

སཱ་ལེ་མན་གྱིས་བཤད་རྒྱུར། སོ་ཏི་ཨ་རབ་དང་ཀྲུང་གོའི་འབྲེལ་བ་དེ་ཆུ་ཚད་མཐོ་བའི་ཕྱོགས་སུ་འཕེལ་རྒྱས་སུ་སོང་བར་ང་རང་ཧ་ཅང་ཡིད་ཚིམས་ཡོད། ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ན་ནིང་སོ་ཏི་ཨ་རབ་ལ་རྒྱལ་དོན་འཚམས་འདྲི་གནང་ནས་གྲུབ་འབྲས་བཟང་བོ་ཐོབ་པ་དང་། རྒྱལ་ཁབ་གཉིས་ཀྱི་ཁྱོན་ཡོངས་ཀྱི་མཛའ་མཐུན་མཉམ་ལས་འབྲེལ་བ་གཏིང་ཟབ་ཏུ་སྤེལ་བར་ནུས་པ་ཆེན་པོ་བཏོན། སོ་ཏི་ཨ་རབ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་དབུས་ཤར་ལས་དོན་ཁྲོད་དུ་ནུས་བ་ཆེན་པོ་འདོན་པར་མ་ཟད། ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། འཛམ་གླིང་དང་ས་གནས་ཀྱི་ཞི་བདེ་དང་བདེ་འཇགས། དར་རྒྱས་བཅས་ལ་སྐུལ་འདེད་གཏོང་འདོད་ཡོད་ཟེར།

གྲོས་མོལ་མ་མཛད་པའི་སྔོན་ལ། ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཁང་བྱང་མ་ནས་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས་ཏེ། སོ་ཏི་ཨ་རབ་རྒྱལ་ཁབ་ཀྱི་རྒྱལ་བོ་སཱ་ལེ་མན་རང་རྒྱལ་ལ་འཚམས་འདྲིར་ཡོང་བར་བསུ་བ་བྱས། 


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།