ཀྲུང་གོ་བོད་ཀྱི་དྲ་བ།

ལིག་ཡུན་ཧྲན་དང་ཀྲང་གོ་ལིས་གཉིས་སོ་སོར་ཧི་ནན་འཐུས་ཚབ་ཚོགས་པ་དང་ཅང་ཞི་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-03-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་གསུམ་པའི་ཚེས་བཅུ་གཉིས་ཉིན་གྱི་ཕྱི་དྲོར། ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ལིག་ཡུན་ཧྲན་དང་ཀྲང་གོ་ལིས་གཉིས་སོ་སོར་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་བར་ཞུགས་པའི་ཧི་ནན་འཐུས་ཚབ་ཚོགས་པ་དང་ཅང་ཞི་འཐུས་ཚབ་ཚོགས་པ་གཉིས་ཀྱི་གྲོས་ཞིབ་ལ་ཞུགས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་ཧི་ནན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས། ཚང་མའི་གཏམ་བཤད་ལ་ཉན་རྗེས་ལིག་ཡུན་ཧྲན་གྱིས་བཤད་རྒྱུར། བློ་མཐུན་ཞིས་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་འཛུགས་སྐྲུན་བྱེད་པར་མཐོང་ཆེན་ཚད་མཐོན་པོ་གནང་སྟེ། ནུས་ཡོད་ཀྱི་སྒོ་ནས་མི་རིགས་ཡོངས་ཀྱི་གོང་བུར་འགྲིལ་ཤུགས་དང་ལྟེ་བར་ཕྱོགས་ཤུགས་གཉིས་མཐོར་འདེགས་སུ་བཏང་ཡོད། ང་ཚོས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ལྟ་བ་འཛུགས་སྐྲུན་ལ་ཡར་སྐུལ་དང་བསམ་བློའི་དར་ཆ་མཐོ་རུ་ཕྱར་ནས་ཀྲུང་ཧྭ་མི་རིགས་ཀྱི་བསམ་པའི་མཐོ་གནས་བརྟན་སྲུང་བྱ་དགོས། རེབ་འདིའི་ཚོགས་འདུའི་སྟེང་གྲོས་ཞིབ་བྱས་པའི་དམངས་ཁྲིམས་སྤྱིའི་རྩ་དོན་ལས་ཁྱད་ཆོས་འབུར་དུ་ཐོན་པ་ཞིག་ནི་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བའི་བླང་བྱ་མངོན་པར་མཚོན་ཡོད་པ་དེ་རེད། ཀུན་སྤྱོད་དང་ཁྲིམས་ལུགས་གཉིས་མཉམ་འཛིན་བྱས་ཏེ་སྲོག་ཤིང་རིན་ཐང་ལྟ་བ་ཁྲིམས་སྐྱོང་འཛུགས་སྐྲུན་ཁྲོད་འདྲེས་པར་བྱེད་པ་རྒྱུན་འཁྱོངས་དང་། ཁྲིམས་སྐྱོང་གི་བྱེད་ཐབས་ལ་བརྟེན་ནས་ཀུན་སྤྱོད་ཁྱབ་ཁོངས་ཀྱི་གནད་དོན་འབུར་ཐོན་ཅན་ཐག་གཅོད་བྱེད་པར་ཡར་སྐུལ་བྱས་ཏེ། སྲོག་ཤིང་རིན་ལྟ་བ་འཛུགས་སྐྲུན་བྱེད་པར་ཁྲིམས་ལུགས་ཀྱི་ཁག་ཐེག་འདོན་སྤྲོད་བྱེད་པར་ཡར་སྐུལ་བྱེད་དགོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་གོ་ལིས་ཅང་ཞི་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས། འཐུབ་མི་རྣམས་ཀྱི་གཏམ་བཤད་ལ་ནན་ཏན་སྒོས་ཉན་རྗེས། ཀྲང་གོ་ལི་ཡིས་ཅང་ཞི་ཡིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་བླངས་པའི་གྲུབ་འབྲས་གསར་བར་ཁས་ལེན་ཡང་དག་མཛད་པ་དང་། རེ་བ་ནི་ཅང་ཞི་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕེན་གྱིས་བཏོན་པའི་རེ་བ་གསར་བ་དང་ཤུགས་འདོན་པ་གསུམ། རྒྱུན་འཁྱོངས་བཞི་ཡི་བླང་བྱ་ལྟར། ཅིན་ཀང་རི་བོའི་སྙིང་སྟོབས་དར་སྤེལ་དང་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་གཏིང་ཟབ་ཀྱིས་སྤེལ་ཏེ། ཧུར་བརྩོན་གྱིས་འབྲི་ཆུའི་དཔལ་འབྱོར་གྱིས་འཕེལ་རྒྱས་སྣེ་ཁྲིད་དང་སྔོན་ཐོན་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་སུ་གཏོང་བ། ཐོན་ལས་ཚུལ་བསྒྱུར་རིམ་སྤོར་མགྱོགས་མྱུར་ངང་སྤེལ་བ། གཟབ་ནན་གྱིས་ཞིང་ལས་དེང་རབས་ཅན་ལ་ཡར་སྐུལ་གཏོང་བ། སྐྱེ་ཁམས་དཔལ་ཡོན་ཚོད་ལྟའི་ཁུལ་འཛུགས་སྐྲུན་དམ་འཛིན་བཅས་བྱས་ཏེ། མང་ཚོགས་ཕྱུག་སྒྱུར་བྱེད་པ་དང་གཡུར་དུ་ཟ་བའི་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་རྒྱལ་ཁའི་ངང་འཚོགས་པར་བསུ་བ་བྱེད་དགོས།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།