ཀྲུང་གོ་བོད་ཀྱི་དྲ་བ།

ལིག་ཆི་པའོ་རྒྱལ་ཁབ་མཐོ་རིམ་རིག་མཛོད་ལས་འཛིན་ལྷན་ཚོགས་ཀྱི་རྒྱ་སྐྱེད་གྲོས་ཚོགས་ལ་ཞུགས་ཏེ།ཀྲུང་དབྱང་ཐབས་ཇུས་ཀྱི་ཞབས་ཕྱིའི་ནུས་པ་ཇེ་ཆེར་གཏོང་བ་དང་དོན་སྙིང་ངོ་མ་ལྡན་པའི་རིག་མཛོད་རྒྱལ་ཁབ་རུ་ཁག་གསར་སྐྲུན་བྱེད་དགོས་ཞེས་ནན་གྱིས་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-02-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་གཉིས་པའི་ཚེས་ཉེར་བཞི་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ལིག་ཆི་པའོ་རྒྱལ་ཁབ་མཐོ་རིམ་རིག་མཛོད་ལས་འཛིན་ལྷན་ཚོགས་ཀྱི་རྒྱ་སྐྱེད་གྲོས་ཚོགས་ལ་ཞུགས་ཏེ། མཐོ་རིམ་རིག་མཛོད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྐྱོང་སྲིད་འཛིན་གྱི་འདུ་ཤེས་གསར་བ་དང་བསམ་ཕྱོགས་གསར་བ། འཐབ་ཇུས་གསར་བ་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། གྲུབ་འབྲས་ཐོབ་པ་དང་འཁོར་སྐྱོད་དམ་འཛིན་བྱེད་པའི་ལས་འགན་ཆེན་པོ་གཉིས་འབུར་དུ་ཐོན་པར་བྱེད་པ་དང་། ཞིབ་འཇུགས་སྤུས་ཚད་ཇེ་མཐོར་གཏོང་བ་དང་སྒྲིག་སྲོལ་རྐྱེན་སྲོལ་གསར་སྐྲུན་བྱེད་པ་གཙོར་བཟུང་ནས་ཀྲུང་དབྱང་ཐབས་ཇུས་ཀྱི་ཞབས་ཕྱིའི་ནུས་པ་ཇེ་ཆེར་གཏོང་བ་དང་དོན་སྙིང་ངོ་མ་ལྡན་པའི་རིག་མཛོད་རྒྱལ་ཁབ་རུ་ཁག་གསར་སྐྲུན་བྱེད་དགོས་ཞེས་ནན་གྱིས་བསྟན།

ལིག་ཆི་པའོ་ཡིས་བསྟན་དོན། ཀྲུང་དབྱང་ཐབས་ཇུས་ལ་ཞབས་ཕྱི་སྒྲུབ་པ་དང་ཏང་དང་རྒྱལ་ཁབ་བྱ་བའི་ཁྱོན་ཡོངས་ལ་ཞབས་ཕྱི་སྒྲུབ་པ་ནི་མཐོ་རིམ་རིག་མཛོད་ཀྱི་སྲོག་ཤིང་འགན་འཁྲི་ཡིན། རིག་སྟོབས་གཅིག་སྡུད་དང་ཤེས་ལྡན་མི་སྣ་གཅིག་སྡུད་ཀྱི་ཁྱབ་སྟོབས་འདོན་སྤེལ་གང་ལེགས་བྱེད་པ་དང་། རིགས་གཞུང་གནད་དོན་གལ་ཆེན་དང་དངོས་ཡོད་གནད་དོན་གལ་ཆེན་ལ་ཞིབ་འཇུག་ཟབ་མོ་བྱས་ནས། སྲིད་འདྲི་བློ་འདོན་དང་རིགས་གཞུང་གསར་སྐྲུན་གྱི་འགན་འཁྲི་དང་ལེན་བཟང་བོ་བྱེད་དགོས། རིག་མཛོད་དང་ཐབས་ཇུས་ལས་ཁུངས་འབྲེལ་མཐུད་རྐྱེན་སྲོལ་འཛུགས་པར་འཚོལ་ཞིབ་བྱེད་པ་དང་། ཏང་སྲིད་ལས་ཁུངས་ཀྱི་སྲིད་ཇུས་ཞིབ་འཇུག་དང་རིག་མཛོད་སྲིད་ཇུས་ཞིབ་འཇུག་ཟུང་འབྲེལ་དམ་པོ་བྱས་ཏེ། ཕན་ཚུན་ལ་ཡར་སྐུལ་བྱེད་པ་དང་དགེ་མཁོ་འདོན་སྤྲོད་བྱེད་པ་མངོན་འགྱུར་བྱེད་དགོས། གཅིག་གྱུར་མཐུན་སྦྱོར་དང་དྲིལ་སྒྲོག་སྣེ་ཁྲིད་ལ་ཤུགས་བསྣན་ནས། རིག་མཛོད་བདེ་བླག་ངང་འཕེལ་རྒྱས་སུ་འགྲོ་བར་སྤྱི་ཚོགས་ཀྱི་ཆ་རྐྱེན་བཟང་བོ་ཞིག་སྐྲུན་དགོས་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།