ཀྲུང་གོ་བོད་ཀྱི་དྲ་བ།

ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་ཡིས་མུའུ་ཉི་ཧེ་བདེ་འཇགས་གྲོས་ཚོགས་ལ་ཞུགས་པའི་སྐབས་སུ་ཧན་གོའི་ཕྱི་འབྲེལ་པུའུ་ཀྲང་དབྱིན་པེན་ཧྲི་ལ་ཐུག་འཕྲད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-02-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་གཉིས་པའི་ཚེས་བཅོ་བརྒྱད་ཉིན། ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་ཡིས་མུའུ་ཉི་ཧེ་བདེ་འཇགས་གྲོས་ཚོགས་ལ་ཞུགས་པའི་སྐབས་སུ་ཧན་གོའི་ཕྱི་འབྲེལ་པུའུ་ཀྲང་དབྱིན་པེན་ཧྲི་ལ་ཐུག་འཕྲད་བྱས།

ཝང་དབྱི་ཡིས་བཤད་རྒྱུར། ད་ལོ་ནི་ཀྲུང་གོ་དང་ཧན་གོའི་བར་འབྲེལ་བ་བཙུགས་ནས་ལོ་ཉེར་ལྔ་ལོན་པའི་ལོ་ཡིན་པས། ང་ཚོས་ཀྲུང་གོ་དང་ཧན་གོའི་འབྲེལ་བའི་ཐད་ནས་ཐོབ་པའི་གྲུབ་འབྲས་ལ་གཅེས་སྤྲས་བྱེད་དགོས་པ་དང་། ཧུར་ཐག་སྒོས་མིག་སྔར་ལས་གནས་པའི་གནད་དོན་སྣ་ཚོགས་ཐག་གཅོད་བཟང་བོ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་བདེ་བླག་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཟེར།

ཕྱོགས་གཉིས་ཀྱིས་ཁྲའོ་ཞན་ཕྱེད་གླིང་གནས་བབ་ཐད་ནས་བསམ་འཆར་བརྗེ་རེས་བྱས། ཝང་དབྱི་ཡིས་བཤད་རྒྱུར། དེང་སྐབས་ཕྱེད་གླིང་གནས་བབ་རྙོག་འཛིང་དང་ཛ་དྲག་ཆེ་ནའང་། ང་ཚོས་ཞི་བདེ་བརྩོན་ལེན་ཐད་ཧུར་ཐག་བྱེད་དགོས། ཕྱོགས་སོ་སོས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་ལག་བསྟར་ནན་མོ་བྱེད་པ་དང་མཉམ་དུ་ཧུར་ཐག་སྒོས་གྲོས་མོལ་སླར་གསོའི་བརྒལ་གཏོར་བྱེད་སར་འཚོལ་ཞིབ་བྱས་ཏེ། ཕྱེད་གླིང་ཉིང་རྡུལ་གནད་དོན་གྱི་ལྡོག་ཕྱོགས་འཁོར་རྒྱུག་མཚམས་གཅོད་དགོས་ཟེར།   །
 

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།