ཀྲུང་གོ་བོད་ཀྱི་དྲ་བ།

ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་ཡིས་ཟླ་འདིའི་ཚེས་གཉིས་ནས་ཚེས་བཅུ་ཉིན་བར་ཨོ་སི་ཁྲི་ལི་ཡ་དང་ནེའུ་ཙེ་ལན་ལ་དངོས་གཞིའི་འཚམས་འདྲི་བྱེད་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-02-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ལུའུ་ཁང་གིས་ཚེས་གསུམ་ཉིན་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་ཐོག་ཏུ་ཁྱབ་སྒྲོག་བྱས་དོན། ཨོ་སི་ཁྲི་ལི་ཡའི་ཕྱི་འབྲེལ་པུའུ་ཀྲང་པུས་ཞོ་ཕུའུ་དང་ནེའུ་ཙེ་ལན་གྱི་ཕྱི་འབྲེལ་པུའུ་ཀྲང་མེད་ཁ་ལིས་གཉིས་ཀྱིས་གདན་དྲངས་པ་ལྟར། ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་ཡིས་ཟླ་གཉིས་པའི་ཚེས་བདུན་ནས་ཚེས་བཅུ་ཉིན་བར་ཨོ་སི་ཁྲི་ལི་ཡ་དང་ནེའུ་ཙེ་ལན་ལ་དངོས་གཞིའི་འཚམས་འདྲི་བྱེད་རྒྱུ་རེད།

ལུའུ་ཁང་གིས་བཤད་རྒྱུར། དེང་སྐབས་ཀྲུང་གོ་དང་ཨོ་སི་ཁྲི་ལི་ཡ་བར་དང་ཀྲུང་གོ་དང་ནེའུ་ཙེ་ལན་བར་གྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་འགྲོ་བཞིན་ཡོད་ལ། ཕྱོགས་གཉིས་ཀྱི་མཐོ་རིམ་མགོ་ཁྲིད་པའི་བར་གྱི་འགྲོ་འོང་སྔར་ལས་མང་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་ཁྱབ་ཁོངས་སོ་སོའི་མཉམ་ལས་ཐད་ནས་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད། ཀྲུང་གོ་དང་ཨོ་སི་ཁྲི་ལི་ཡས་རང་མོས་ཉོ་ཚོང་གྲོས་མཐུན་ཁྱོན་ཡོངས་ནས་ལག་བསྟར་བྱས་པས་གྲུབ་འབྲས་མངོན་གསལ་ཐོབ་ཡོད། ཀྲུང་གོ་དང་ནེའུ་ཙེ་ལན་རྒྱལ་ཁབ་གཉིས་ཀྱིས་ཕྱོགས་གཉིས་ཀྱི་རང་མོས་ཉོ་ཚོང་གྲོས་མཐུན་གྱི་རིམ་པ་འཕར་བར་གྲོས་མོལ་བྱེད་རྒྱུ་ཁྱབ་སྒྲོག་བྱས། ད་ལོ་ནི་ཀྲུང་གོ་དང་ཨོ་སི་ཁྲི་ལི་ཡ་བར་དང་ཀྲུང་གོ་དང་ནེའུ་ཙེ་ལན་བར་འབྲེལ་བ་བཙུགས་ནས་ལོ་ཞེ་ལྔ་ལོན་པའི་ལོ་ཡིན་པས། ཀྲུང་གོ་དང་ཨོ་སི་ཁྲི་ལི་ཡ་དང་ཀྲུང་གོ་དང་ནེའུ་ཙེ་ལན་བར་གྱི་འབྲེལ་བའི་འཕེལ་རྒྱས་དེ་གོ་སྐབས་གསར་བ་དང་འཕྲད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨོ་སི་ཁྲི་ལི་ཡ་དང་ནེའུ་ཙེ་ལན་ཕྱོགས་དང་མཉམ་དུ་ཕན་ཚུན་ལ་ཡིད་ཆེས་དང་ཕྱོགས་གཉིས་ཀར་ཕན་པའི་རྩ་དོན་རྒྱུན་འཁྱོངས་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་བཏོན་པའི་ཐུན་མོང་གི་ལྟ་ཚུལ་དངོས་འབེབས་བཟང་བོ་བྱས་ནས། ཀྲུང་གོ་དང་ཨོ་སི་ཁྲི་ལི་ཡ་བར་དང་ཀྲུང་གོ་དང་ནེའུ་ཙེ་ལན་བར་གྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།