ཀྲུང་གོ་བོད་ཀྱི་དྲ་བ།

གོ་ཧྲིན་ཁུང་གིས་མགོ་འཛིན་བྱས་ཏེ་སྤྱི་བདེ་པུའུ་ཡི་ཁྱོན་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་མགོ་ཁྲིད་ཚན་ཆུང་གི་རྒྱ་སྐྱེད་གྲོས་ཚོགས་ཐེངས་ཉེར་བརྒྱད་པ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-01-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་ཨུ་ཡོན། སྤྱི་བདེ་པུའུ་ཀྲང་། སྤྱི་བདེ་པུའུ་ཡི་ཁྱོན་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གོ་ཧྲིན་ཁུང་གིས་ཚེས་ཉེར་བཞི་ཉིན་མགོ་འཛིན་བྱས་ཏེ་པུའུ་ཡི་ཁྱོན་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་མགོ་ཁྲིད་ཚན་ཆུང་གི་རྒྱ་སྐྱེད་གྲོས་ཚོགས་ཐེངས་ཉེར་བརྒྱད་པ་བསྡུས་ཏེ། ཉིས་སྟོང་བཅུ་དྲུག་ལོར་ཁྱོན་ཡོངས་ནས་སྤྱི་བདེ་བཅོས་སྒྱུར་ཟབ་སྤེལ་བྱས་པའི་གནས་ཚུལ་ཡར་ཞུ་ལ་ཉན་པ་དང་ཉིས་སྟོང་བཅུ་བདུན་ལོའི་སྤྱི་བདེ་བཅོས་སྒྱུར་གྱི་ལས་འགན་གཙོ་བོ་དང་དངོས་འབེབས་བྱ་བར་ཞིབ་འཇུག་བྱས། ཁོས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པ་དང་ལྷག་པར་དུ་ཁྱོན་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ནན་ཏན་སྒོས་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། ཆབ་སྲིད་ཀྱི་འདུ་ཤེས་དང་ཁྱོན་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་འདུ་ཤེས། དཔེ་ལྟའི་འདུ་ཤེས་བཅས་བརྟན་པོར་ཆགས་པར་བྱེད་པ་དང་། བཅོས་སྒྱུར་དམ་འཛིན་བྱེད་པ་དེ་འདུ་ཤེས་བཞི་ཡི་དོན་དངོས་འགུལ་སྐྱོད་རང་རྟོགས་སྒོས་ལག་བསྟར་བྱེད་པར་བརྩི་ཞིང་བཅོས་སྒྱུར་གཏན་ཤུགས་ཇེ་ཆེར་གཏོང་བ་དང་བཅོས་སྒྱུར་ཡིད་ཆེས་ཇེ་བརྟན་དུ་གཏོང་དགོས་ལ། གནད་ཆེ་ས་འབུར་དུ་ཐོན་པར་བྱེད་པ་དང་དཀད་ངལ་ཁྱད་བསལ་བྱས་ཏེ། སྟོབས་ཤུགས་ཡོད་རྒུ་བཏོན་ནས་ད་ལོའི་སྤྱི་བདེ་བཅོས་སྒྱུར་གྱི་བྱེད་ཐབས་དངོས་འབེབས་བཟང་བོ་བྱེད་པ་དང་། ཧུར་ཐག་སྒོས་དུས་ལྟར་ཀྲུང་དབྱང་གིས་གཏན་འཁེལ་བྱས་པའི་བཅོས་སྒྱུར་དམིགས་འབེན་དང་ལས་འགན་ཡོངས་འགྲུབ་བྱེད་པར་རྨང་གཞི་བརྟན་པོ་འདིང་དགོས་ཟེར།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།