ཀྲུང་གོ་བོད་ཀྱི་དྲ་བ།

ཡུས་ཀྲིན་ཧྲིན་གྱིས་རྒྱལ་ཡོངས་རང་བཞིན་གྱི་ཆོས་ལུགས་ཚོགས་པའི་འགན་ཁུར་བ་དང་མཉམ་དུ་ལུགས་རྙིང་ལོ་སར་བསུས་པ་དང་བཞུགས་མོལ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-01-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

b6d237adc0df1e524b0ca4994804da76.jpg

       ཟླ་དང་པོའི་ཚེས་ཉེར་བཞི་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་རྒྱལ་ཡོངས་རང་བཞིན་གྱི་ཆོས་ལུགས་ཚོགས་པའི་འགན་ཁུར་བ་གདན་དྲངས་ཏེ་བཞུགས་མོལ་མཛད་པ་དང་མཉམ་དུ་ལུགས་རྙིང་ལོ་སར་བསུས་པར་མ་ཟད། ཀྲུང་གུང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་ཚབ་མཛད་དེ་རྒྱལ་ཡོངས་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་རྒྱ་ཆེའི་ཆོས་དད་མང་ཚོགས་ལ་ལུགས་རྙིང་ལོ་སར་གྱི་སྨོན་འདུན་ཞུས། 

 2fedc6fcc1a67ccd1256d100a3935b08.jpg

 083c11855f7766b9af69cb8dad609c7a.jpg

        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་ཚེས་ཉེར་བཞི་ཉིན་རྒྱལ་ཡོངས་རང་བཞིན་གྱི་ཆོས་ལུགས་ཚོགས་པའི་འགན་ཁུར་བ་གདན་དྲངས་ཏེ་བཞུགས་མོལ་མཛད་པ་དང་མཉམ་དུ་ལུགས་རྙིང་ལོ་སར་བསུས་པར་མ་ཟད། ཀྲུང་གུང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་ཚབ་མཛད་དེ་རྒྱལ་ཡོངས་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་རྒྱ་ཆེའི་ཆོས་དད་མང་ཚོགས་ལ་ལུགས་རྙིང་ལོ་སར་གྱི་སྨོན་འདུན་ཞུས།

ཡུས་ཀྲིན་ཧྲིན་གྱིས་ཆོས་ལུགས་ཚོགས་པ་སོ་སོའི་འགན་ཁུར་བའི་གཏན་བཤད་ལ་ཉན་རྗེས་གསུངས་རྒྱུར། 2016ལོ་ནི་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ཁྲོད་ཀྱི་ལོ་ཧ་ཅང་གལ་ཆེན་ཞིག་ཡིན་ལ། ཆོས་ལུགས་བྱ་བའི་ལོ་ཧ་ཅང་གལ་ཆེ་བའི་ཞིག་ཀྱང་ཡིན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་ཆོས་ལུགས་བྱ་བའི་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་གསུང་བཤད་གལ་ཆེན་གནང་སྟེ། ཆོས་ལུགས་བྱ་བའི་རིགས་གཞུང་གལ་ཆེན་དང་ལག་ལེན་གྱི་གནད་དོན་ལ་རྒྱས་བཤད་ཟབ་མོ་མཛད་པས། ཆོས་ལུགས་བྱ་བ་བཟང་བོར་སྒྲུབ་པར་གཞི་རྩའི་བསྲུང་བྱ་འདོན་སྤྲོད་བྱས། རྒྱལ་ཡོངས་རང་བཞིན་གྱི་ཆོས་ལུགས་ཚོགས་པ་སོ་སོས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཧུར་ཐག་སྒོས་ཞབས་ཕྱི་བསྒྲུབས་ཏེ། སྐབས་བརྗེ་འདེམ་བསྐོའི་བྱ་བ་སྔ་གཞུག་ཏུ་ཡོངས་འགྲུབ་བྱས་པ་དང་། ལས་བྱེད་པ་རྒན་གཞོན་བརྗེ་སོར་བྱེད་པ་མངོན་འགྱུར་བྱས་ནས། ཆོས་ལུགས་བྱ་བ་ཡོངས་སུ་དུས་རིམ་གསར་བ་ཞིག་ཏུ་བསླེབས་ཡོད་ཟེར།

ཡུས་ཀྲིན་ཧྲིན་གྱིས་གསུངས་རྒྱུར། 2017ལོར་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་བསྡུ་རྒྱུ་ཡིན་པས། ཆོས་ལུགས་ལས་རིགས་ཀྱིས་མུ་མཐུད་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་རབས་དང་རིམ་པ་དང་རྒྱལ་ཡོངས་ཆོས་ལུགས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་ནན་མོ་བྱེད་པ་དང་ལག་ལེན་མཐར་ཕྱིན་བྱེད་དགོས་ལ། བྱ་བ་སྣ་ཚོགས་བཟང་བོར་བསྒྲུབས་ཏེ། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་རྒྱལ་ཁའི་ངང་བསྡུ་བར་ཁོར་ཡུག་བཟང་བོ་སྐྲུན་དགོས་ཟེར།

ཡུས་ཀྲིན་ཧྲིན་གྱིས་ནན་གྱིས་གསུངས་རྒྱུར། ཆོས་ལུགས་ཚོགས་པས་ཏང་དང་སྲིད་གཞུང་གིས་ཆོས་དད་མང་ཚོགས་ལ་འབྲེལ་འདྲིས་བྱེད་པའི་བྱ་བ་བཟང་བོར་སྒྲུབ་དགོས་ལ། ཚན་ཁག་གི་འགན་འཁྲི་གཏན་གནས་ལ་ཤུགས་སྣོན་པ་དང་། དོ་དམ་གྱི་ཆུ་ཚད་མཐོར་འདེགས་སུ་གཏོང་བ། ཆོས་དད་མང་ཚོགས་ལ་ཞབས་ཕྱི་སྒྲུབ་པ་བཅས་ཐད་ལ་འབད་བརྩོན་བྱེད་དགོས་པར་མ་ཟད། ཆོས་ལུགས་དུས་རབས་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བགྲོད་ལམ་བརྒྱུད་དེ་མདུན་སྐྱོད་བྱེད་པར་སྐུལ་འདེད་གཏོང་བ་དང་། རྒྱ་ཆེའི་ཆོས་ལུགས་ལས་རིགས་ཀྱི་མི་སྣ་ཁྲིད་དེ་ཀྲུང་གོའི་ཆོས་ལུགས་ལས་དོན་བཟང་བོར་སྒྲུབ་དགོས་ཟེར།

ཡུས་ཀྲིན་ཧྲིན་གྱིས་ས་གནས་སོ་སོ་དང་ལས་ཁུངས་སོ་སོས་ཆོས་ལུགས་ཚོགས་པར་རོགས་རམ་བྱས་ནས་ཆོས་ལུགས་ཀྱི་འབྲེལ་བ་འཆམ་མཐུན་ཡོང་བར་གནོད་པ་ཡོད་པའི་གནད་དོན་གཙོ་བོ་དུས་ཐོག་ཏུ་ཐག་གཅོད་བྱེད་པ་དང་། ཁྱད་པར་དུ་འཚོ་བར་དཀའ་ཁག་ཆེ་བའི་ཆོས་དད་མང་ཚོགས་ལ་སེམས་ཁུར་བྱེད་དགོས་ཟེར།

ལིག་ཡན་ཏུང་དང་སུན་ཁྲུའུ་ལན་སོགས་བཞུགས་མོལ་ཚོགས་འདུར་ཞུགས།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།