ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས«དོ་དམ་གསར་སྐྲུན་དང་ཞབས་ཞུ་ལེགས་སྒྱུར་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་བ་གསོ་སྐྱོང་དང་དར་རྒྱས་སུ་བཏང་ནས་སྒུལ་ནུས་གསར་རྙིང་མྱུར་ཞིང་རྒྱུན་མཐུད་སྒོས་སྤོ་སྒྱུར་བྱེད་པའི་སྐོར་གྱི་བསམ་འཆར»འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-01-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས་ཉེ་ལམ«དོ་དམ་གསར་སྐྲུན་དང་ཞབས་ཞུ་ལེགས་སྒྱུར་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་བ་གསོ་སྐྱོང་དང་དར་རྒྱས་སུ་བཏང་ནས་སྒུལ་ནུས་གསར་རྙིང་མྱུར་ཞིང་རྒྱུན་མཐུད་སྒོས་སྤོ་སྒྱུར་བྱེད་པའི་སྐོར་གྱི་བསམ་འཆར»འགྲེམ་སྤེལ་བྱས། 

«བསམ་འཆར»ལས་བསྟན་དོན། གསར་སྐྲུན་དང་མཐུན་སྦྱོར། ལྗང་སྒྱུར། སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་བརྟན་པོར་ཆགས་པར་བྱེད་པ་དང་ལག་བསྟར་དང་དངོས་འབེབས་བཟང་བོ་བྱེད་པ་དང་། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ལག་བསྟར་བྱེད་རྒྱུ་གཙོར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། དངོས་ཕུང་དཔལ་འབྱོར་དར་སྤེལ་བྱེད་པ་དང་གསར་སྐྲུན་ཡར་སྐུལ་འཕེལ་རྒྱས་འཐབ་ཇུས་ལག་བསྟར་བྱེད་དགོས་ལ། ཤུགས་ཆེན་པོས་དམངས་ཀྱིས་བྱ་བཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པ་ལག་བསྟར་བྱེད་དགོས། སྤྱི་ཐུན་ཞབས་ཕྱི་ལེགས་སྒྱུར་དང་སྲིད་འཛིན་དོ་དམ་གསར་སྐྲུན་བྱས་ཏེ། ལམ་ལུགས་གསར་སྐྲུན་དང་ལག་རྩལ་གསར་སྐྲུན་མཉམ་བསྲེས་བྱེད་པ་དང་འདོན་སྤྲོད་དང་དགོས་མཁོ་ནུས་ལྡན་སྒོས་འབྲེལ་མཐུད་བྱེད་པ། སྒུལ་ནུས་གསར་བ་གསོ་སྐྱོང་དང་སྲོལ་རྒྱུན་སྒུལ་ནུས་སྒྱུར་བཀོད་བྱེད་པའི་ནུས་པ་ཇེ་ཆེར་འགྲོ་བར་མཐུན་སྦྱོར་སྒོས་སྐུལ་འདེད་གཏོང་དགོས་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།