ཀྲུང་གོ་བོད་ཀྱི་དྲ་བ།

ཉིས་སྟོང་བཅུ་བདུན་ལོའི་ཐེ་ཝན་བྱ་བའི་གྲོས་ཚོགས་པེ་ཅིན་ནས་ཚོགས་པ་དང་ཡུས་ཀྲིན་ཧྲིན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-01-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

2323.jpg

ཉིས་སྟོང་བཅུ་བདུན་ལོའི་ཐེ་ཝན་བྱ་བའི་གྲོས་ཚོགས་ཚེས་ཉི་ཤུ་ཉིན་པེ་ཅིན་ནས་ཚོགས་པ་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ཡུས་ཀྲིན་ཧྲིན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉིས་སྟོང་བཅུ་བདུན་ལོའི་ཐེ་ཝན་བྱ་བའི་གྲོས་ཚོགས་ཚེས་ཉི་ཤུ་ཉིན་པེ་ཅིན་ནས་ཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ཡུས་ཀྲིན་ཧྲིན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་། ཁོང་གིས་གསུངས་རྒྱུར། འདས་པའི་ལོ་གཅིག་གི་ནང་བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཡང་དག་པའི་སྒོ་ནས་གནས་བབ་ལ་ཞིབ་འཇུག་དང་བརྡར་ཤ་བཅད་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ཇུས་གཞི་བཏོན་པ་དང་བཀོད་སྒྲིག་བྱས་ནས་མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཁ་ཕྱོགས་ཆེན་པོ་གསལ་བོར་ཤེས་པར་བྱས། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་ཏང་ཀྲུང་དབྱང་གིས་ཐེ་ཝན་ལ་བཏོན་པའི་བྱ་བའི་བྱེད་ཕྱོགས་དང་ཐབས་ཇུས་བཀོད་སྒྲིག་ནན་ཏན་སྒོས་ལག་བསྟར་དང་དངོས་འབེབས་བྱས་པ་དང་བྱ་བ་སྣ་ཚོགས་ལག་བསྟར་བཟང་བོ་བྱས་པས་གྲུབ་འབྲས་མངོན་གསལ་ཐོབ་པ་དང་ཏང་ཀྲུང་དབྱང་གིས་དེ་ལ་ཁས་ལེན་གང་ལེགས་བྱས།

ཡུས་ཀྲིན་ཧྲིན་གྱིས་ནན་གྱིས་བསྟན་དོན། ཉིས་སྟོང་བཅུ་བདུན་ལོར་མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་དང་ཐེ་ཝན་མཚོ་འགག་གི་གནས་བབ་སྔར་ལས་རྙོག་འཛིང་ཆེ་ཞིང་དང་ཛ་དྲག་ཧ་ཅང་ཆེ་བས། ང་ཚོས་བློ་ཐག་རྦད་ཆོད་སྒོས་ཏང་ཀྲུང་དབྱང་གིས་ཐེ་ཝན་བྱ་བའི་ཐད་བཏོན་པའི་སྲིད་ཇུས་དང་བྱེད་ཕྱོགས་ལག་བསྟར་བྱས་ཏེ། ཀྲུང་གོ་གཅིག་གི་རྩ་དོན་མཚོན་པའི་དགུ་གཉིས་ཐུན་མོང་གི་ལྟ་ཚུལ་མུ་མཐུད་ནས་རྒྱུན་འཁྱོངས་བྱེད་པ་དང་། བློ་ཐག་རྦད་ཆོད་སྒོས་རྣམ་པ་གང་རུང་གི་ཐེ་ཝན་རང་བཙན་གྱི་ཁ་བྲལ་བྱ་འགུལ་ལ་ངོ་རྒོལ་དང་གཏན་འགོག་བྱས་ནས། རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་བ་སྲུང་སྐྱོབ་བྱེད་པ་དང་མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བའི་ཞི་བའི་འཕེལ་རྒྱས་དང་ཐེ་ཝན་མཚོ་འགག་གི་ཞི་བའི་བརྟན་འཇགས་སྲུང་སྐྱོབ་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།