ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕེན་གྱིས་ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པད་ཏིན་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-01-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

c23df9503e9f05746f7d76ab604cf878.jpg

ཟླ་དང་པོའི་ཚེས་བཅུ་བདུན་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་སུའེ་ཙེར་གྱི་ཏ་ཝོ་སི་ནས་ཨ་མེ་རི་ཁའི་ཙུང་ཐུན་གཞོན་པ་པད་ཏིན་ལ་མཇལ་འཕྲད་གནང་། 
 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དང་པོའི་ཚེས་བཅུ་བདུན་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཏ་ཝོ་སི་ནས་ཨ་མེ་རི་ཁའི་ཙུང་ཐུན་གཞོན་པ་པད་ཏིན་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཀྲུང་གོ་དང་ཨ་མེ་རི་ཁའི་བར་འབྲེལ་བ་བཙུགས་ནས་ལོ་འཁོར་སོ་བརྒྱད་འགོར་བའི་རིང་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བས་ཀྱག་ཀྱོག་གི་ལམ་བུ་བརྒྱུད་མྱོང་ནའང་། སྤྱིར་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་སོང་ཡོད། ཁྱད་པར་དུ་ལོ་གསུམ་གྱི་སྔོན་ལ་ང་དང་ཙུང་ཐུང་ཨོ་པ་མཱའི་བར་ཀྲུང་གོ་དང་ཨ་མེ་རི་ཁ་གཉིས་ཀྱི་རྣམ་པ་གསར་བའི་རྒྱལ་ཁབ་ཆེན་པོའི་འབྲེལ་བ་འཛུགས་པའི་ཐུན་མོང་གི་ལྟ་བ་བྱུང་བའི་ཚུན་ལ། ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་འོག ཀྲུང་གོ་དང་ཨ་མེ་རི་ཁ་གཉིས་ཀྱི་འབྲེལ་བ་ཡང་དག་པའི་ཁ་ཕྱོགས་བརྒྱུད་དེ་འཕེལ་རྒྱས་སུ་སོང་བར་མ་ཟད། གལ་ཆེ་བའི་གྲུབ་འབྲས་བཟང་པོ་བླངས། རྒྱལ་ཁབ་གཉིས་ཀྱི་ཕྱོགས་གཉིས་བར་གྱི་ཉོ་ཚོང་དང་ཕྱོགས་གཉིས་བར་གྱི་དངུལ་གཏོང་གསོག་ཚད། མི་སྣའི་འགྲོ་འོང་བཅས་ཀྱིས་ལོ་རྒྱུས་སྟེང་གི་ཆུ་ཚད་བཟང་བོ་བསྐྲུན་ཡོད་ཟེར།

ཞི་ཅིན་ཕེན་གྱིས་ང་ཚོ་རྒྱལ་ཁབ་གཉིས་ཀྱི་མི་དམངས་དང་འཛམ་གླིང་མི་དམངས་ཀྱི་རྩ་བའི་ཁེ་ཕན་ཆེད་དུ་ཀྲུང་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་ནས། ཡུན་རིང་བརྟན་འཇགས་ཀྱི་མཉམ་ལས་འབྲེལ་བ་འཛུགས་སྐྲུན་བྱེད་དགོས་ཞེས་ནན་གྱིས་བསྟན།

པད་ཏིན་གྱིས་བཤད་རྒྱུར། ཨ་མེ་རི་ཁ་དང་ཀྲུང་གོ་གཉིས་ཀྱི་འབྲེལ་བ་ནི་ཧ་ཅང་གལ་ཆེ་བའི་ཕྱོགས་གཉིས་ཀྱི་འབྲེལ་བ་ཡིན། དུས་རབས་ཉེར་གཅིག་པར་ཨ་མེ་རི་ཁ་དང་ཀྲུང་གོ་གཉིས་འཕེལ་རྒྱས་དང་དར་རྒྱས་སུ་གཏོང་བ་དེ་འཛམ་གླིང་ལ་མཚོན་ན་ཧ་ཅང་གལ་ཆེ། ཨ་མེ་རི་ཁ་ཕྱོགས་ཀྱིས་ཨ་མེ་རི་ཁ་དང་ཀྲུང་གོ་གཉིས་ཀྱིས་ཕན་ཚུན་བར་གྱི་ཡིད་ཆེས་མུ་མཐུད་དུ་ཇེ་དམ་དུ་གཏོང་བ་དང་མཉམ་ལས་རྒྱ་བསྐྱེད་པར་རེ་བ་བྱེད་ཀྱིན་ཡོད་ཟེར།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།