ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕེན་གྱིས་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ཀྲུའུ་ཞི་ཧྲི་ཝ་པུའུ་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-01-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

f51120d05cd08a5467a965398f86dce9.bmp

ཟླ་དང་པོའི་ཚེས་བཅུ་བདུན་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཏ་ཝོ་སི་ནས་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ཀྲུའུ་ཞི་ཧྲི་བ་པུའུ་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དང་པོའི་ཚེས་བཅུ་བདུན་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཏ་ཝོ་སི་ནས་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ཀྲུའུ་ཞི་ཧྲི་ཝ་པུའུ་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕེན་གྱིས་ནན་གྱིས་གསུངས་རྒྱུར། འཛམ་གླིང་དཔལ་འབྱོར་གླེང་སྟེགས་བཙུགས་པའི་ཚུན་ལ། གསར་གཏོད་སྙིང་སྟོབས་རྒྱུན་འཁྱོངས་བྱེད་པ་དང་། འཕེལ་རྒྱས་ཀྱི་སྟོབས་ཤུགས་སྲུང་འཛིན་བྱས་ནས། འཛམ་གླིང་རང་བཞིན་གྱི་གནད་དོན་སྣ་ཚོགས་ཐག་གཅོད་བྱེད་པར་སྐུལ་འདེད་བཏང་བས། དེའི་གོ་གནས་དང་ཤན་ཤུགས་ཉིན་རེ་བཞིན་ཇེ་ཆེར་སོང་ཡོད་ལ། གླེང་སྟེགས་ལོ་ཚོགས་དེ་འཛམ་གླིང་དཔལ་འབྱོར་གྱི་འཕེལ་ཕྱོགས་སུ་གྱུར། ད་ལོའི་གླེང་སྟེགས་ལོ་ཚོགས་ཀྱིས་དེང་སྐབས་འཛམ་གླིང་གི་གནས་བབ་ལ་དམ་པོར་དམིགས་ནས། འཛམ་གླིང་དཀའ་ཁག་གི་གནས་ལས་ཐར་བར་བྱེད་པའི་གནད་འགག་གི་ཐབས་ལམ་གཏན་ལ་ཕབ་སྟེ། ང་ཚོས་མཉམ་དུ་ཕྱི་ཕྱོགས་སུ་བརྡ་འཕྲིན་བཟང་བོ་གཏོང་བ་དང་། ཚང་མས་འཛམ་གླིང་དཔལ་འབྱོར་འཛམ་གླིང་ཅན་དུ་སྒྱུར་བའི་འཕེལ་རིམ་ལ་བཅངས་པའི་ཡིད་ཆེས་ཇེ་ཆེར་གཏོང་དགོས་ཟེར།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། དེང་སྐབས། ཀྲུང་གོ་དང་འཛམ་གླིང་དཔལ་འབྱོར་གླེང་སྟེགས་བར་གྱི་མཉམ་ལས་བྱེད་པའི་ནང་དོན་ཕུན་སུམ་ཚོགས་པར་སོང་བ་དང་། མཉམ་ལས་ཀྱི་གྲུབ་འབྲས་ཉིན་རེ་བཞིན་ཇེ་མང་དུ་སོང་ཡོད། དབྱར་ཁའི་ཏ་ཝོ་སི་གླེང་སྟེགས་ཀྲུང་གོ་ནས་སྔ་གཞུག་ཏུ་ཐེངས་བཅུ་ལ་བསྒྲུབས་པས། རྒྱལ་སྤྱིའི་སྟེང་གི་ཤུགས་རྐྱེན་རྒྱུན་ཆད་མེད་པར་རྒྱ་བསྐྱེད་དུ་སོང་ཡོད། ཉིན་རེ་བཞིན་ཇེ་མང་དུ་འགྲོ་བའི་ཀྲུང་གོའི་ཁེ་ལས་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ཁོངས་མིར་གྱུར་བ་དང་། གླེང་སྟེགས་སྟེང་གི་ཀྲུང་གོའི་རྒྱུ་རྐྱེན་ཉིན་རེ་བཞིན་ཇེ་མང་དུ་སོང་ཡོད། ཀྲུའུ་ཞི་ཧྲི་ཝ་པུའུ་ཡི་ཐུགས་ཁུར་དང་སྐུལ་འདེད་འོག་ཏུ། ཀྲུང་གོ་འཛམ་གླིང་དཔལ་འབྱོར་གླེང་སྟེགས་བར་མཉམ་ལས་བྱེད་པའི་མདུན་ལྗོངས་ཉིན་རེ་བཞིན་ཇེ་ལེགས་སུ་འགྲོ་ཐུབ་པར་ང་ལ་ཡིད་ཆེས་ཡོད་ཟེར།

ཧྲི་ཝ་པུའུ་ཡིས་བཤད་རྒྱུར། ཀྲུང་གོས་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ལ་རྒྱབ་སྐྱོར་ཆེན་པོ་བྱས་པས། འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱིས་ཀྲུང་གོའི་བར་གྱི་གྲོགས་པོའི་འབྲེལ་བར་གཙིགས་འཛིན་བྱས་ནས། འཛམ་གླིང་རང་བཞིན་གྱི་གནད་དོན་ཐག་གཅོད་བྱེད་པར་མཉམ་དུ་འབད་བརྩོན་བྱེད་འདོད་ཡོད་ཟེར།

མཇལ་འཕྲད་གནང་རྗེས། ཞི་ཅིན་ཕེན་དང་ཧྲི་ཝ་པུའུ་གཉིས་མཉམ་དུ་ཀྲུང་གོ་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་འཛམ་གླིང་དཔལ་འབྱོར་གླེང་སྟེགས་གཉིས་ཀྱི་འཐབ་ཇུས་མཉམ་ལས་ཁྱོན་ཡོངས་ནས་ཟབ་སྤེལ་བྱེད་པའི་སྐོར་གྱི་བཟོད་སྒོམ་བརྗེད་ཐོ་འགོད་པའི་མཛད་སྒོར་ཞུགས།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།