ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱངས་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གཉིས་ཀྱིས«ཏང་སྲིད་འགན་ཁུར་བ་གཙོ་བོས་ཁྲིམས་སྐྱོང་འཛུགས་སྐྲུན་གྱི་འགན་ཁུར་བ་དང་པོའི་འགན་འཁྲི་ལག་བསྟར་བྱེད་པའི་གཏན་འབེབས»དཔར་ནས་བཀྲམ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-12-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གཉིས་ཀྱིས«ཏང་སྲིད་འགན་ཁུར་བ་གཙོ་བོས་ཁྲིམས་སྐྱོང་འཛུགས་སྐྲུན་གྱི་འགན་ཁུར་བ་དང་པོའི་འགན་འཁྲི་ལག་བསྟར་བྱེད་པའི་གཏན་འབེབས»དཔར་ནས་བཀྲམ་པར་མ་ཟད་བརྡ་ཐོ་བཏང་སྟེ་ས་གནས་སོ་སོ་དང་ལས་ཁུངས་སོ་སོས་འདི་ལྟར་ལག་བསྟར་བྱེད་དགོས་པའི་རེ་བ་བཏོན།

«ཏང་སྲིད་འགན་ཁུར་བ་གཙོ་བོས་ཁྲིམས་སྐྱོང་འཛུགས་སྐྲུན་གྱི་འགན་ཁུར་བ་དང་པོའི་འགན་འཁྲི་ལག་བསྟར་བྱེད་པའི་གཏན་འབེབས»དེ་རྫོང་རིམ་པ་ཡན་གྱི་ས་གནས་ཏང་ཨུ་དང་སྲིད་གཞུང་གི་འགན་ཁུར་བ་གཙོ་བོར་འཚམ་པ་རེད།

«གཏན་འབེབས»ལས་བཀོད་དོན། ཏང་སྲིད་འགན་ཁུར་བ་གཙོ་བོས་ཁྲིམས་སྐྱོང་འཛུགས་སྐྲུན་གྱི་འགན་ཁུར་བ་དང་པོའི་འགན་འཁྲི་ལག་བསྟར་བྱས་ནས། ངེས་པར་དུ་ཏང་གི་མགོ་ཁྲིད་དང་མི་དམངས་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་ཁབ་བཅོས་སྐྱོང་བཅས་གཅིག་གྱུར་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། རྩ་ཁྲིམས་དང་བཅའ་ཁྲིམས་རྒྱུན་འཁྱོངས་བྱེད་པ། གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་ཡོང་བར་བྱེད་པ་རྒྱུན་འཁྱོངས་བྱས་ནས། ཁྲིམས་ལྟར་རྒྱལ་ཁབ་བཅོས་སྐྱོང་དང་ཁྲིམས་ལྟར་སྲིད་སྐྱོང་བ། ཁྲིམས་ལྟར་སྲིད་འཛིན་པ་བཅས་ལ་མཉམ་དུ་སྐུལ་འདེད་བཏང་སྟེ། ཁྲིམས་སྐྱོང་རྒྱལ་ཁབ་དང་ཁྲིམས་སྐྱོང་སྲིད་གཞུང། ཁྲིམས་སྐྱོང་སྤྱི་ཚོགས་བཅས་གཞི་གཅིག་ཡོང་བར་བྱེད་དགོས་ཟེར།

«གཏན་འབེབས»ལས་ཏང་ཨུའི་འགན་ཁུར་བ་གཙོ་བོ་དང་སྲིད་གཞུང་གི་འགན་ཁུར་བ་གཙོ་བོས་ཁྲིམས་སྐྱོང་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་འགན་འཁྲི་གཙོ་བོ་གཏན་འཁེལ་གསལ་བོ་བྱས།

«གཏན་འབེབས»ལས་ད་རུང་ཁྲིམས་སྐྱོང་འཛུགས་སྐྲུན་བྱེད་པའི་འགན་ཁུར་བ་དང་པོའི་འགན་འཁྲི་ལག་བསྟར་བྱེད་པའི་གནས་ཚུལ་དེ་ཏང་སྲིད་འགན་ཁུར་བ་གཙོ་བོའི་ལོ་མཇུག་གི་ལས་འཁུར་ཡར་ཞུའི་ནང་དོན་ནང་འཇོག་དགོས་ལ། ཆབ་སྲིད་བྱས་རྗེས་ལ་དཔྱད་ཞིབ་བྱེད་པའི་དམིགས་ཚད་མ་ལག་ནང་དུ་འཇོག་དགོས་པར་མ་ཟད། དུས་བཅད་ལྟར་ཞིབ་བཤེར་དང་ཆེད་དོན་ལྟ་སྐུལ་ཞིབ་བཤེར་བྱེད་དགོས་པའི་རེ་བ་བཏོན།

ཏང་སྲིད་འགན་ཁུར་བ་གཙོ་བོས་ཁྲིམས་སྐྱོང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་འགན་ཁུར་བ་དང་པོའི་འགན་འཁྲི་ལག་བསྟར་མི་བྱེད་པ་དང་ཡང་ན་ཡང་དག་པའི་སྒོ་ནས་ལག་བསྟར་མི་བྱེད་པར་ཀྲུང་གོ་གུང་ཁྲན་ཏང་གི་འདྲི་གཅོད་སྲོལ་ཡིག་སོགས་འབྲེལ་ཡོད་ཏང་ནང་གི་ཁྲིམས་སྲོལ་དང་། རྒྱལ་ཁབ་ཀྱི་ཁྲིམས་ལུགས་དང་ཁྲིམས་སྲོལ་ལྟར་འདྲི་གཅོད་བྱེད་དགོས།

གཏན་འབེབས་དེ2016ལོའི་ཟླ་བཅུ་གཅིག་པའི་ཚེས་སུམ་ཅུ་ཉིན་ནས་བཟུང་ལག་བསྟར་བྱས་པ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།