ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་ཞིང་བཟོ་དམངས་གཙོ་ཏང་གི་སྐབས་བཅོ་ལྔ་བའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་པེ་ཅིན་ནས་ཚོགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-12-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་བཅུ་གཅིག་པའི་ཚེས་ཉེར་དགུ་ཉིན་ནས་ཟླ་བཅུ་གཉིས་པའི་ཚེས་གཅིག་ཉིན་བར། ཀྲུང་གོ་ཞིང་བཟོ་དམངས་གཙོ་ཏང་གི་སྐབས་བཅོ་ལྔ་བའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་པེ་ཅིན་ནས་ཚོགས་པ་དང་། ཞིང་བཟོ་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཁྲིན་ཀྲུའུ་གྲོས་ཚོགས་ལ་ཞུགས་པར་མ་ཟད་གྲོས་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་བྱ་བའི་སྙན་ཞུ་ཕུལ་ཏེ། ཉིས་སྟོང་བཅུ་དྲུག་ལོའི་ཞིང་བཟོ་ཏང་གི་བྱ་བ་སྣ་ཚོགས་སྤྱི་བསྡོམས་བྱས་པ་དང་། ཉིས་སྟོང་བཅུ་བདུན་ལོའི་བྱ་བའི་སྤྱིའི་རེ་བ་དང་ལས་འགན་གཙོ་བོ་བཏོན་པར་མ་ཟད་ཏང་ཡོན་ཡོངས་ཀྱིས་བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱེད་པ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་སྟེ། མཉམ་ལས་ཀྱི་ཐོག་མའི་སེམས་འདུན་མི་བརྗེད་པར་མུ་མཐུད་དུ་མདུན་སྐྱོད་བྱས་ནས། བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་བྱས་རྗེས་ཆེན་པོ་འཇོག་དགོས་པའི་རེ་འབོད་བཏོན།

ཞིང་བཟོ་ཏང་ཀྲུང་དབྱང་གི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ལིག་ཞོ་ཧྥུན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གྲོས་ཚོགས་གྲོལ་བའི་མཛད་སྒོའི་སྟེང་གཏམ་བཤད། ཚོགས་ཐོག་ནས་ཀྲུང་གོ་ཞིང་བཟོ་དམངས་གཙོ་ཏང་ཀྲུང་དབྱང་གི་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལ་ནན་ཏན་སྒོས་སློབ་སྦྱོང་དང་དེ་ལག་བསྟར་བྱེད་པའི་སྐོར་གྱི་གྲོས་ཆོད་དང་ཀྲུང་གོ་ཞིང་བཟོ་དམངས་གཙོ་ཏང་གི་སྐབས་བཅོ་ལྔ་བའི་ཀྲུང་དབྱང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཉིས་སྟོང་བཅུ་དྲུག་ལོའི་བྱ་བའི་སྙན་ཞུ་སོགས་ཡིག་ཆ་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།