ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་སོགས་ཀྱིས་ཧྥེ་ལི་ཕིན་ལ་འཐུས་ཚབ་ཚོགས་པ་མངགས་ཏེ་ཕྱོགས་གཉིས་ཀྱི་མཉམ་ལས་ལ་འབྲེལ་མཐུད་བྱས་ནས་གྲུབ་འབྲས་བཟང་བོ་བླངས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-11-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀིན་ཧྲོང་གིས་ཚེས་ཉེར་བཞི་ཉིན་བཤད་རྒྱུར། ཀྲུང་གོ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་ཚོང་དོན་པུའུ། ཞིང་ལས་པུའུ་སོགས་ལས་ཁུངས་ཀྱིས་སོ་སོར་ཧྥེ་ལི་ཕིན་ལ་འཐུས་ཚབ་ཚོགས་པ་མངགས་ཏེ་ཧྥི་ལི་ཕིན་ཕྱོགས་ཀྱི་འབྲེལ་ཡོད་ལས་ཁུངས་དང་འབྲེལ་མཐུད་བྱས་ནས། ཙུང་ཐུང་ཏུའུ་ཐི་ཨར་ཐི་ཡིས་ཀྲུང་གོར་འཚམས་འདྲི་བྱས་པའི་གྲུབ་འབྲས་དངོས་འབེབས་བྱས་པར་མ་ཟད་དཔལ་འབྱོར་ཉོ་ཚོང་དང་དངུལ་གཏོང་། གནས་སྐོར། ཞིང་ལས་སོགས་ཁྱབ་ཁོངས་ནས་གྲུབ་འབྲས་མངོན་གསལ་ཐོབ་ཟེར།

ཀིན་ཧྲོང་གིས་བཤད་རྒྱུར། ཀྲུང་གོ་དང་ཧྥེ་ལི་ཕིན་རྒྱལ་ཁབ་གཉིས་ནི་མཛའ་མཐུན་ཁྱིམ་མཚེས་དང་དཔལ་འབྱོར་ཁ་གསབ་ཀྱི་རྒྱལ་ཁབ་ཡིན་པ་དང་། ཕྱོགས་གཉིས་ཀྱིས་དཔལ་འབྱོར་ཉོ་ཚོང་དང་དངུལ་གཏོང་མཉམ་ལས་བྱེད་པར་ཐུན་མོང་མ་ཡིན་པའི་ཁྱད་སྟོབས་ལྡན་པ་དང་སྦས་ཤུགས་ཆེན་པོ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཙུང་ཐུང་ཏུའུ་ཐི་ཨར་ཐི་ཡིས་ཧྥེ་ལི་ཕིན་མི་དམངས་ལ་མགོ་ཁྲིད་དེ་དཔལ་འབྱོར་འཕེལ་རྒྱས་དང་རྒྱལ་ཁབ་འཛུགས་སྐྲུན་ཐད་ལ་འབད་བརྩོན་བྱས་པར་རྒྱབ་སྐྱོར་བྱེད་པར་མ་ཟད། ཧྥེ་ལི་ཕིན་ཕྱོགས་དང་མཉམ་དུ་དཔལ་འབྱོར་ཉོ་ཚོང་དང་ཐོན་ནུས། རྨང་གཞིའི་སྒྲིག་ཆས་སོགས་ཁྱབ་ཁོངས་སོ་སོ་ནས་མཉམ་ལས་བཟང་བོ་བྱས་ནས་ཧྥེ་ལི་ཕིན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཛུགས་སྐྲུན་ཐད་ལ་རྒྱབ་སྐྱོར་བྱེད་འདོད་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།